ཐིན་ཅཱ་ཚའེ་ཡིས་དར་ལག་དང་པདྨ། གཅིག་སྒྲིལ་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས།
2018.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 206

ཟླ་དགུ་བའི་ཚེས་ལྔ་ཉིན་ནས་ཚེས་བདུན་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དར་ལག་རྫོང་དང་པདྨ་རྫོང་། གཅིག་སྒྲིལ་རྫོང་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཁ་མིན་དོན་གྱིས་ཞིང་ཆེན་ཏང་ཨུས་བཏོན་པའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པར་མ་ཟད། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་མཐར། ལོ་ཧྲིལ་བོའི་ལས་རིམ་ཁག་གི་འོས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་སློབ་སྦྱོང་ནན་མོ་དང་སློབ་སྦྱོང་བྱས་ཏེ་གོ་བ་ཡང་དག་ལེན་པ་དང་། ཡིད་ཆེས་ཟབ་མོ་དང་བཀོལ་སྤྱོད་རྣལ་མ་བྱེད་པ་གཉིས་གཞི་གཅིག་ཏུ་འགྲིལ་བར་བྱེད་དགོས། གཉིས་ནས་འོས་འགན་ལྕི་མོ་དང་སྒྲིག་ཁྲིམས་ནན་བསྟར་གཉིས་གཞི་གཅིག་ཏུ་སྦྲེལ་དགོས། གསུམ་ནས་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་དང་གནད་ཕིགས་ལྟ་སྐུལ་དོ་དམ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས། བཞི་ནས་གཅིག་གྱུར་སྟོབས་ཤུགས་དང་བྱེད་ནུས་མཐོར་འདེགས་གཏོང་བ་གཉིས་གཞི་གཅིག་ཏུ་སྦྲེལ་དགོས། ལྔ་ནས་དོ་དམ་ནན་མོ་དང་སེམས་ཁུར་གཅེས་སྐྱོང་གཉིས་རྒྱུན་འཁྱོངས་བྱེད་པ་གཞི་གཅིག་ཏུ་སྦྲེལ་དགོས་ཟེར།