ཀྲང་ཀོང་རོང་གིས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།
2018.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་དགུ་བའི་ཚེས་བཅུ་དགུ་ཉིན།   མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་།   རྣམ་རྒྱལ་མགྲོན་ཁང་སོགས་སུ་སོང་ནས་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།   ཀྲང་ཀོང་རོང་གིས་ཆབ་སྲིད་ཕྱོགས་གནས་མཐོར་འདེགས་གཏོང་བ་དང་ཞིབ་ཕྲའི་གནད་དོན་ལ་མཐོང་ཆེན་བྱེད་པ།   མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ།   ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ཚོགས་ཆེན་བདེ་བླག་ངང་བསྡུ་བར་འགན་སྲུང་བྱེད་དགོས་ཟེར།

ཀྲང་ཀོང་རོང་གིས་བསྟན་དོན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་མཚོ་སྔོན་གྱི་ལོ་རྒྱུས་སྟེང་གི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན་ལ།   ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན།   ཚང་མས་བསམ་བློའི་སྟེང་མཐོང་ཆེན་བྱེད་པ་དང་ཆབ་སྲིད་ཕྱོགས་གནས་སྔར་ལས་མཐོར་འདེགས་བཏང་སྟེ་སྤྱོད་གཙང་སྲོལ་བཟང་དང་སྒྲིག་ཁྲིམས་ནན་མོ།  དམངས་གཙོ་མཐུན་སྒྲིལ།   བདེན་འཚོལ་ཡར་སྐྱེད་ཀྱི་ཚོགས་ཆེན་ཞིག་ཏུ་བསྡུ་བར་འགན་སྲུང་བྱེད་དགོས།    མཁོ་སྒྲུབ་འགན་སྲུང་བྱ་བ་ཧ་ཅང་གལ་འགངས་ཆེ་སྟེ།  དེ་ནི་འདུ་ཤེས་བཞི་མངོན་པའི་ཞིབ་ཕྲའི་དཔྱད་ཞིབ་ཡིན་པས།  ཚོགས་རའི་ནང་ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བར་ཁག་ཁེག་བྱེད་དགོས་པར་མ་ཟད།   མེ་འགོག་མེ་གསོད་དང་གློག་ཤུགས།   བདེ་འཇགས་སྲུང་སྐྱོབ།  འཕྲིན་བཅར།   ཟ་མའི་འཕྲོད་བསྟེན་བདེ་འཇགས་སོགས་ཞིབ་ཕྲའི་གནད་དོན་ལ་ཡིད་འཇོག་བྱེད་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན།   མཐུན་སྦྱོར་དང་ལྟ་སྐུལ་ལ་ཤུགས་བསྣན་ནས་གྲོས་ཚོགས་ཀྱི་ལུགས་སྲོལ་དང་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ་དང་ལྟ་ཞིབ་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་དགོས།   འཐུས་མི་དང་ལས་བྱེད་མི་སྣར་བརྩི་བཀུར་བྱེད་དགོས་པ་དང་།   དགའ་དགའ་སྤྲོ་སྤྲོའི་ངང་འཐུས་མི་རེ་རེར་བསུ་མ་བྱེད་དགོས་པ་དང་བདེ་འཇགས་ངང་འཐུས་མི་རེ་རེར་སྐྱེལ་མ་བྱེད་དགོས་ཟེར།