མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ལིག་ཉིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།
2018.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ9བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ལིག་ཉིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་ཝང་ཡུས་ཡན། ཀྲང་ཀོང་རུང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁོན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

མཱ་ཝེ་ཡིས་སྔ་དྲོའི་ཚོགས་འདུ་འགོ་རྩོམ་པའི་མཛད་སྒོར་འགོ་འཛིན་བྱས། ཚོགས་ཆེན་ལ་འཐུས་མི་སུམ་བརྒྱ་དང་གྱ་གསུམ་ཞུགས་དགོས་པ་དང་། འཐུས་མི་སུམ་བརྒྱ་དང་དོན་དྲུག་དངོས་སུ་ཚོགས་འདུར་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། གྲོས་ཚོགས་ཀྱི་གྲོས་རིམ་ལ་བསྡོམས་པས་གསུམ་ཡོད་དེ།

གཅིག མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞིའི་ཚོགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱེད་པ། གཉིས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞིའི་ཚོགས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་མི་སྣའི་མིང་ཐོའི་འཆར་ཟིན་སྒྲོག་འདོན་བྱེད་པ། གསུམ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གསབ་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་མི་སྣའི་གནས་ཚུལ་གྱི་གསལ་བཤད་ལ་ཉན་པ་བཅས་རེད།

ཀྲང་ཀོང་རུང་གིས་ཕྱི་དྲོའི་གྲོས་ཚོགས་གྲོལ་བའི་ཚོགས་ཆེན་ལ་འགོ་འཛིན་བྱས། ཚོགས་ཆེན་ལ་འཐུས་མི་སུམ་བརྒྱ་དང་གྱ་གསུམ་ཞུགས་དགོས་པ་དང་། འཐུས་མི་སུམ་བརྒྱ་དང་དོན་བརྒྱད་དངོས་སུ་ཚོགས་འདུར་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། གྲོས་ཚོགས་ཀྱི་གྲོས་རིམ་ལ་བསྡོམས་པས་བཞི་ཡོད་དེ། གཅིག   ཚོགས་ཆེན་གྱི་འདེམ་བསྐོ་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་གཅོད་པ། གཉིས།  སྤྱི་ཁྱབ་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་གཅོད་པ། གསུམ། འདེམ་བསྐོ།  བཞི། གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པ་བཅས་རེད།

ཚོགས་ཆེན་ལས་མིང་མི་འགོད་པའི་འདེམ་བསྐོའི་བྱེད་ཐབས་སྤྱད་དེ། བློ་མཐུན་ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ལིག་ཉིང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།  སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་འཐུས་མི་རྣམས་ལ་གུས་འདུད་ཞུས།

དེའི་རྗེས་སུ། ཚོགས་ཆེན་གྱིས་རྩ་ཁྲིམས་ཀྱི་སྔུན་ནས་་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་པ་དང་། རྒྱལ་གླུ་བླངས་རྗེས་གསར་དུ་བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་གསར་དུ་བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིང་གཉིས་སྔ་རྗེས་སུ་དམ་བཅའ་འཇོག་པའི་སྟེགས་བུའི་སྟེང་སོང་སྟེ་བརྗིད་ཉམས་ལྡན་པའི་ངང་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་བཞག

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས་པ་དང་ཟུར་ཞུགས་བྱས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།   རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་རིན་ཆེན་རྒྱལ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་པད་མ། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་སུའུ་ཉིན་བཅས་གདན་ཞུ་བྱས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

ད་རུང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་མི་དང་ཚོགས་ཆེན་གྱི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་དོན་གཅོད་ལས་ཁུངས། བྱ་བའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས།