ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་སྐབས་དང་པོ་ཐོན་ལ་ཉེ་བའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ལ་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་པ་དང་འཚམས་འདྲི་བྱས།
2018.09.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ། ཝང་ཅན་ཅུན་དང་ལིག་ཉིང་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་མང་ཚོགས་ལ་དུས་ཆེན་གྱི་སྨོན་འདུན་ཞུ་བ་དང་མཛའ་བརྩེའི་འཚམས་འདྲི་བྱས།

འཕྲིན་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུའི་ཇུས་ཆོད་བཀོད་སྒྲིག་ཕྱིར་བཏོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོ་ནས་བཟུང་ལོ་རེའི་དུས་མཉམ་སྐབས་དེ་ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་དུ་གཏན་ཁེལ་བྱས་ལ། དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ཞིང་སྡེ་དང་ཞིང་བའི་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་མཚོན་ཐུབ་ལ། ཞིང་བ་ཀུན་གྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེར་སྐྱེད་དེ། ཞིང་སྡེ་དར་སྤེལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ངེས་པ་་ཁོ་ཐག་ཡིན།

མཚོ་སྔོན་ནི་ས་ཆེ་དངོས་ཕྱུག་དང་། མེས་རྒྱལ་གྱི་གཅེས་སུ་རུང་བའི་ས་ཆ་ཞིག་ཡིན་ལ། ས་འདིའི་སྟེང་དཀའ་སྤྱད་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་རོང་འབྲོག་དམངས་ཀྱིས། བབ་ཆགས་ཤིང་ལས་ལ་བརྩོན་པ་དང་། རང་གི་བློ་རིག་ལ་བརྟེན་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་ལེའུ་བྲིས། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་ཡོད་ལ། ལྗང་མདོག་ཞིང་དར་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ། ཚོང་རྟགས་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་རྒྱུ་དེ་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་དབྱངས་རྟ་གཙོ་བོར་གྱུར་ཡོད།

མིག་སྔར། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བ་ཞི་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ད་ང། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་བརྟན་བརླིང་ངང་སྤེལ་ནས། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ཐད་འབད་འཐབ་བྱེད་བཞིན་པའི་སྒང་ཡིན་པས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ལོ་ལེགས་བྱུང་བའི་དགའ་སྤྲོའི་སེམས་པ་ཁྱེར་བ་དང་། ཞིང་སྡེ་དར་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཏང་གི་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་གི་སྲིད་ཇུས་དེ་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། དུས་མཉམ་གཅིག་དང་སྔར་ལས་བཞི་ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན་ཡོད།