ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2018.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 100

ཟླ་བཅུ་བའི་ཚེས་བརྒྱད་ཉིན།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།   ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ནས།   དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྒྱལ་བའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་ལག་བསྟར་བསམ་འཆར་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་ཉིས་སྟོང་བཅོ་བརྒྱད་ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོང་བྱ་བར་རྟོག་ཞིབ་བྱེད་སྐབས་བཏོན་པའི་བསམ་འཆར་དང་གནད་དོན་དག་ཐེར་ལེགས་བཅོས་ཇུས་གཞི།  ཤར་ནུབ་ཕྱོགས་ཀྱི་དབུལ་སྐྱོར་རོགས་ལས་བྱ་བ།   ལས་རིགས་དབུལ་སྐྱོར་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་སོགས་གནད་དོན་ལ་ཞིབ་འཇུག་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་།  ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་དང་།  ཚན་གཙོ་གཞོན་པ་ཐིན་ཅཱ་ཚེ་དང་ཡན་ཅིན་ཧེ།   ཝང་ཡུས་ཡན་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན།   དབུལ་ཐར་མཁྲེགས་གཏོར་ནི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས།   ཆབ་སྲིད་གླེང་བའི་མཐོ་ཚད་ནས་འགྲེང་སྟེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་།  གནད་འགག་དམ་འཛིན་དང་མི་འདང་སར་ཁ་གསབ།   ཉམས་ཞན་སར་ཤུགས་སྣོན་པ།  ཕན་ནུས་དངོས་བརྩོན་ལེན་བྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ་དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས།   རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས་པ་དང་།  ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་བྱ་བའི་མགི་ཁྲིད་ཚན་ཆུང་གི་བྱེད་ནུས་འདོན་སྤེལ་བྱེད་པ།   དྲིལ་སྒྲོག་དང་གསོ་སྦྱོང་།  མཛུབ་སྟོན།  རྟོག་ཞིབ་སོགས་བྱ་བའི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ་ཚད་མཐོན་པོས་འགན་ཁུར་གྱི་འདུ་ཤེས་དང་ཚད་གཞི་མཐོན་པོ།  སྤུས་ཚད་མཐོན་པོ་བཅས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་ཉིས་སྟོང་བཅོ་བརྒྱད་ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྟོག་ཞིབ་བྱས་པ་ནི་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཉམས་ཞིབ་ཡིན་ལ།   ཁས་ལེན་བྱས་པ་ནི་སྐུལ་མ་གཏོང་བ་དང་གནད་དོན་བཏོན་པ་ནི་སྐུལ་ལྕག་བྱས་པ་ཡིན་པས།    རྟོག་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་ལ་གཟབ་ནན་གྱིས་ཞིབ་འཇུག་བྱེད་པ་དང་།   མཚོ་སྔོན་གྱི་གནས་ཚུལ་དངོས་དང་ད་ཡོད་ཀྱི་འགན་སྲུང་ནུས་པ་ནས་མགོ་བརྩམས་ཏེ་གནད་དོན་ཐག་གཅོད་བྱེད་པ་དང་ཚད་གཞིར་རྒྱུས་ལོན་ཡང་དག་བྱེད་པ།  དྲིལ་སྒྲོག་སྣེ་ཁྲིད་བྱ་བ་བཟང་བོར་བསྒྲུབ་སྟེ་དག་ཐེར་བཅོས་སྐྱོང་བྱ་བའི་རྣམ་འགྱུར་གསལ་བོ་ཡིན་པ་དང་བྱེད་ཐབས་ནུས་ལྡན་ཡིན་པ།  གྲུབ་འབྲས་མངོན་གསལ་ཡིན་པར་འགན་སྲུང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན།   ཅང་སུའུ་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཤར་ནུབ་ཕྱོགས་དབུལ་སྐྱོར་རོགས་ལས་བྱ་བའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ་རྩ་འཛུགས་མགོ་ཁྲིད་དང་ལས་གཞིའི་མ་དངུལ།  ཤེས་ལྡན་མི་སྣའི་རིག་སྟོབས།  ཐོན་ལས་མཉམ་ལས།  ལས་ཞུགས་གསར་སྐྲུན་སོགས་ཐད་ནས་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་སྐྱོར་ཆེན་པོ་བྱས།  ཚང་མས་དྲིན་ལན་འཇལ་བའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་མཉམ་ལས་གྲོས་མཐུན་དང་དབུལ་སྐྱོར་རོགས་ལས་བྱ་བའི་ལོ་རེའི་འཆར་གཞི་ལྟར།   བརྗེ་རེས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཅང་སུའུ་དང་མཚོ་སྔོན་གྱི་དབུལ་སྐྱོར་རོགས་ལས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།  ལས་རིགས་དབུལ་སྐྱོར་ནི་དབུལ་ཐར་མཁྲེགས་གཏོར་གྱི་ནང་དོན་གལ་ཆེན་ཞིག་ཡིན་པས།   རང་སྟེང་གི་དགེ་མཚན་འདོན་སྤེལ་བྱས་ཏེ་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱེད་པ་དང་།  ཉིན་རྒྱུན་གྱི་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་རང་འགུལ་གྱིས་གནད་དོན་འཚོལ་ཞིབ་བྱེད་པ།   དོན་དངོས་དང་མཐུན་པའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པ།  དག་ཐེར་ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།  དཔྱད་ཞིབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ།   རང་འགུལ་གྱིས་ཞབས་འདེགས་ཞུ་ཡུལ་གྱི་ལྟ་སྐུལ་དང་ལེན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་།  སང་ལོ་ནི་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་པའི་གནད་འགག་གི་ལོ་ཡིན་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ་གནད་ཕིགས་དབུལ་སྐྱོར་དང་གནས་ཕིགས་དབུལ་ཐར་གྱི་གཞི་རྩའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་དགོས་པ་དང་ད་ལོའི་བྱ་བར་སྤྱི་བསྡོམས་བཟང་བོ་བྱེད་པ།  སང་ལོའི་ལས་འགན་ལ་འཆར་འགོད་བཟང་བོ་བྱས་ཏེ་གཙོ་གནད་གཅིག་བསྡུས་དང་གནད་ཕིགས་ཤུགས་འདོན།  གནད་འགག་དམ་འཛིན་བྱེད་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡིད་ཚིམས་པར་བྱེད་དགོས་པའི་རེ་བ་བཏོན།