ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་གཞུང་ལུགས་སློབ་སྦྱོང་རྒྱ་སྐྱེད་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་སོགས་ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས། ཆིན་ཧྭ་སློབ་ཆེན་ཉིང་རྡུལ་ནུས་པ་དང་ནུས་ཁུངས་གསར་བའི་ལག་རྩལ་ཞིབ་འཇུག་གླིང་གི་འགོ་གཙོ་ཀྲང་ཙུའོ་དབྱི་ཡིས་ཁ་བྱང་ལ་ཉིང་རྡུལ་ནུས་པ་འཕེལ་རྒྱས་དང་ཞི་བའི་བཀོལ་སྤྱོད་ཅེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་སློབ་སྦྱོང་ཚོགས་འདུར་འགོ་མཛིན་བྱས།
ཀྲང་ཙུའོ་དབྱི་ཡིས་ཉིང་རྡུལ་ནུས་པའི་བེད་སྤྱོད་རྩ་དོན་དང་ཉིང་རྡུལ་བདེ་འཇགས། ཉིང་རྡུལ་ནུས་པའི་བེད་སྤྱོད་གནས་ཚུལ་སོགས་ཕྱོགས་ནས། ཉིང་རྡུལ་ནུས་པ་གསར་སྤེལ་བེད་སྤྱོད་དང་འཛུགས་སྐྲུན་ཐད་ནས་ངོ་སྤྲོད་གསལ་བོ་བྱས། ཚང་མས། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ཤིང་འགྲེལ་བཤད་གསལ་བོ་བྱས་ཡོད་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ནུས་ཁུངས་བཅོས་སྒྱུར་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཐད་ཀྱི་ངོས་འཛིན་མཐོར་འདེགས་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུས་ཁུངས་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ། དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་གོམས་སྟབས་ཇེ་མགྱོགས་སུ་གཏོང་བའི་ཐད་རོགས་འདེགས་ཀྱི་ནུས་པ་འདོན་ཐུབ་ཟེར། ཚང་མས་མཚོ་སྔོན་ཞིང་ཆེན་གྱི་ས་རྒོད་མང་བ་དང་ས་རྒྱ་ཆེ་ཞིང་མི་ཉུང་བས། ཕན་མཐོ་དང་དྭངས་གཙང་། རྒྱུན་མཐུད་ཀྱི་ནུས་ཁུངས་གསར་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རྨང་གཞི་དང་དགེ་མཚན་ལྡན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གི་རེ་བ་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནུས་ཁུངས་འཕེལ་རྒྱས་ལམ་བུ་རུ་སྐྱོད་པ། ལྗང་མདོག་ཐན་ཉུང་གི་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་ལག་ལེན་མཐར་ཕྱིན་བྱེད་པ། འདུ་ཤེས་སྒྱུར་བ་དང་ལངས་ཕྱོགས་མཐོར་འདེགས་བྱེད་པ། འཐབ་ཇུས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ། ནུས་ཁུངས་ཐོན་སྐྱེད་དང་ནུས་ཁུངས་འཛད་སྤྱོད། ནུས་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་རྐང་བཙུགས་ནས། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འབྲེལ་ཡོད་བྱ་བ་བརྟན་བརླིང་ངང་བསྒྲུབ་པ། ལས་གཞི་འཆར་འགོད་ཁྲོད་ཀྱི་གནད་དོན་གལ་ཆེན་ཐག་གཅོད་པ། བྱ་བའི་བྱེད་ཐབས་གཏན་འབེབས་བྱེད་པ། རྒྱལ་ཁབ་ཀྱི་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནུས་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་ཚུལ་བསྟན།
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་མི་དམངས་ཚོགས་པ། མཐོ་རིམ་སློབ་གྲྭ ཟི་ལིང་དུ་ཡོད་པའི་ཞིང་ཆེན་ཁོངས་གཏོགས་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སློབ་སྦྱོང་ཚོགས་འདུར་ཞུགས།