མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེའི་དཔའ་བོ་དཔེ་ལེགས་ཅན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟི་ལིང་ནས་ཚོགས།
2018.11.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

མཚོ་སྔོན་ཞིང་ཆེན་གྱི་སྤྱི་བདེའི་དཔའ་བོ་དཔེ་ལེགས་ཅན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་ཚོགས། སྙན་ཞུ་ཚོགས་འདུའི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའུ་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས།

ཐུག་འཕྲད་བྱེད་སྐབས། ཝང་ཅན་ཅུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་ལ་གུས་འདུད་ཞུས་པ་དང་། སྙན་ཞུ་ཚོགས་འདུ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས། ཁོས་བསྟན་དོན། དཔའ་བོས་དུས་རབས་ལ་སྣེ་ཁྲིད་བྱེད་པ་དང་། དུས་རབས་ལ་དཔའ་བོ་མཁོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔའ་བོ་དཔེ་ལེགས་ཅན་དང་བྱས་རྗེས་བཞག་པའི་ཐུན་མོང་ལ་མཇལ་འཕྲད་གནང་སྐབས་ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ལམ་དམ་པོ་བྱེད་དགོས་པའི་བླང་བྱ་གལ་ཆེན་བཏོན་པ་དང་། དེ་ནི་སྤྱི་བདེ་ཉེན་རྟོག་པར་བཏོན་པའི་རེ་བ་ཡིན་ལ། ཏང་ཡོངས་ལ་བཏོན་པའི་རེ་བ་ཡང་ཡིན་པས། ཁྱོད་ཚོས་དུས་རབས་གསར་བའི་ནང་རང་ཉིད་ཀྱི་ལག་ལེན་དངོས་ལ་བརྟེན་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་འབུར་ཐོན་བཞག་པ་དང་། ཁྱོད་ཚོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་འབྲུ་བཅུ་དྲུག་གི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་ཉེན་རྟོག་པ་བཟང་བོ་ཡིན་ལ། མཚོ་སྔོན་མི་དམངས་ཀྱི་བུ་ཕྲུག་བཟང་བོ་དང་ཞིང་ཆེན་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་པའི་མིག་དཔེ་བཟང་བོ་ཡིན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་དཔུང་སྡེ་ཡིས་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ་དང་། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད་པ། དཔའ་བོ་དཔེ་ལེགས་ཅན་ལ་སློབ་སྦྱོང་བྱེད་པ། སྔོན་ཐོན་དཔེ་གཞིར་འཛིན་པ། ཏང་དང་མི་དམངས་ལ་བློ་དཀར་བའི་སོ་སྲུང་བ་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲུང་སྐྱོབ་བྱེད་པ་དང་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ། སྤྱི་བདེ་པུའུ་དྲིལ་སྒྲོག་ཅུའུ་ཡི་འགན་ཁུར་བློ་མཐུན་བཅས་ཐུག་འཕྲད་ལ་ཞུགས།

དབྱིན་པའེ་ཡིས་སྙན་ཞུ་ཚོགས་འདུར་འགོ་མཛིན་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་བཅས་སྙན་ཞུ་ཚོགས་འདུར་ཞུགས།

དབྱིན་པའེ་ཡིས་བསྟན་དོན། རླབས་ཆེ་བའི་དུས་རབས་ཀྱིས་རླབས་ཆེ་བའི་སྙིང་སྟོབས་ལ་འབོད་སྐུལ་གཏོང་བཞིན་ཡོད་པ་དང་། བླ་མེད་ཀྱི་ལས་དོན་ཐད་ལ་དཔེ་སྟོན་གྱི་སྣེ་ཁྲིད་དགོས་པས། ང་ཚོས་སྤྱི་བདེའི་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཕུགས་འདུན་ཡིད་རྟོན་གྱི་དར་ཆ་མཐོན་པར་སྒྲེང་བ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་འཛིན་པ། ལས་རྐང་སྟེང་གྲུབ་འབྲས་བཟང་བོ་བསྐྲུན་ནས། ལྔ་བཞི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། རྒྱུན་མ་ཆད་པར་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པའི་ཐད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཟེར།

སྙན་ཞུ་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་དཔེ་མཚོན་ཐུན་མོང་གི་འཐུས་ཚབ་པ་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་བདེ་སྐྱོང་རུ་ཆེན་གྱི་འགོ་གཙོ་དཀོན་མཆོག་བསམ་འགྲུབ་དང་། མི་དམངས་ཉེན་རྟོག་པའི་འཐུབ་ཚབ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་པ་ཀྲང་ཅེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་སྔོན་ཐོན་ཁྱིམ་མིའི་འཐུས་ཚབ་པ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་དཀྱིལ་ཡན་ལག་ཅུའུ་ཡི་ལིས་རང་སྲང་ལམ་མངག་གཏོང་ཁང་གི་འགོ་གཙོ་གཞོན་པ་ཉིའུ་ཝུན་པོ་ཡི་ཆུང་མ་ཝན་ཆན། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ཕུལ་བྱུང་རོགས་འདེགས་ཉེན་རྟོག་པའི་འཐུས་ཚབ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའུ་ཡི་རོགས་འདེགས་ཉེན་རྟོག་པ་མཱ་ཀྲན་ཝུའུ། སྨྱན་བྱད་ཀྱི་འཐུས་ཚབ་པ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཝེ་ཧྲོང་བཅས་ཀྱིས་སོ་སོར་སྒྲོག་འགྲེལ་སྤེལ། བློ་མཐུན་ལྔ་ཡིས་བབ་ཆགས་ཤིང་གོ་བདེ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེ་གཞི་བརྒྱུད་དེ། སྤྱི་བདེའི་དཔའ་བོ་དཔེ་ལེགས་ཅན་གྱིས་ནམ་ཡང་བློ་སེམས་གཞུང་དྲང་བྱེད་པ་དང་། ཚེ་སྲོག་ལ་བརྟེན་ནས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས།

སྔོན་ཐོན་བྱས་རྗེས་དེ་དག་གིས་ཚོགས་ཞུགས་མི་སྣ་དང་ལས་བྱེད་པ། མང་ཚོགས་ཡོངས་སེམས་འགུལ་ཐེབས་སུ་བཅུག ཚང་མས་ལང་ལོང་གིས་མཚོ་སྔོན་སྤྱི་བདེའི་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་སེམས་སུ་བརྟན་པོར་འཛིན་པ་དང་རང་ཉིད་ཀྱི་འགུལ་སྐྱོད་དུ་བསྒྱུར་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་ཟེར།

ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་སྟོང་གཅིག་ལྷག་གིས་སྙན་ཞུ་ཚོགས་འདུར་ཉན།