ལིག་ཉིང་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་རྩད་ཞིབ་ཡུལ་དངོས་སུ་རྟོག་ཞིབ་བྱེད་དུ་སོང་།
2018.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་རྩད་ཞིབ་ཡུལ་དངོས་སུ་སོང་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་དེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པའི་ཆུ་འདྲེན་ལས་གཞི་ཐོག་མ་ཡིན་པའི་ཆ་ནས། སྐྱེ་ཁམས་བཟོ་སྐྲུན་ཡིན་ལ་དམངས་ཚིས་བཟོ་སྐྲུན་ཡང་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་ཆེ་བ་གསུམ་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཚན་རིག་གི་བསམ་བློས་འཆར་འགོད་བཟང་བོ་བྱེད་པ། ལག་ཤེས་པའི་དགོངས་དོན་ལ་བརྟེན་ནས་ཚོང་རྟགས་མིང་གྲགས་ཅན་གསར་སྐྲུན་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་སྔ་མོ་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པ་དང་སྔ་མོ་ནས་ཕན་འདོགས་པར་སྐུལ་འདེད་གཏོང་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ནུབ་རྒྱུད་ས་ཁུལ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ས་ཁུལ་གལ་ཆེན་ཡིན་པ་དང་། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་ནི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཆུ་འདྲེན་བཟོ་སྐྲུན་གལ་ཆེན་ཡིན་ལ། ཟི་ལིང་ས་ཁུལ་གྱི་ཆུའི་ཐོན་ཁུངས་འགན་སྲུང་བཟོ་སྐྲུན་ཡང་ཡིན། རྨ་ཆུ་དང་ཙོང་ཆུའི་ས་ཁུལ་དེ་རྨ་ཆུའི་རིག་གནས་ཀྱི་འགོ་ཁུངས་ས་ཆ་གཙོ་བོ་ཡིན་པའི་ཆ་ནས། ཙོང་ཆུས་རྨ་ཆུའི་རིག་གནས་ཁྲོད་ཀྱི་རྨ་ཆུ་དང་ཙོང་ཆུའི་རིག་གནས་གལ་ཆེན་སྐྱེད་སྲིང་བྱས་པ་དང་། ཙོང་ཆུ་དང་རྨ་ཆུ་རིག་གནས་རྒྱུན་སྲིང་བ་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱང་ཆུའི་འདེགས་སྐྱོར་དགོས། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་མགྱོགས་མྱུར་སྒོས་སྤེལ་བ་དང་ཟི་ལིང་གི་འཆར་འགོད་འཛུགས་སྐྲུན་སྤེལ་བ་དང་བསྟུན་ནས། ད་ཡོད་ཀྱི་ཆུའི་ཐོན་ཁུངས་ཀྱིས་མ་འོངས་པའི་ཆུ་བཀོལ་སྤྱོད་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པས། རིག་གནས་བསྐྱར་དར་དང་སྐྱེ་ཁམས་བཅོས་སྐྱོང་། ཡང་ན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་གང་ཐད་ཀྱང་འགོ་ཁུངས་ས་ཁུལ་གྱི་ཆུ་ནང་འདྲེན་བྱེད་དགོས་ཟེར།

ལིག་ཉིང་གིས་ནན་གྱིས་བསྟན་དོན། རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་མྱུར་དུ་འཛུགས་སྐྲུན་བྱས་ན། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་བཅས་ཀྱི་ཚེ་སྲོག་གི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། ལས་ཀྲིག་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་བྱེད་པ། རྨ་ཆུ་དང་ཙོང་ཆུ་ས་ཁུལ་གྱི་སྐྱེ་ཁམས་དང་མི་སྡོད། ཁོར་ཡུག་འཕེལ་རྒྱས་སུ་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རེ་བ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་གནས་ཐིག་གཏན་ཁེལ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་གྲོན་ཆུང་དང་བར་སྟོང་དོ་མཉམ། བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་འདོན་པའི་ཆུ་བཅོས་སྐྱོང་གི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་སའི་མ་ལག་བཅོས་སྐྱོང་བྱེད་པ་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག སྐྱེ་ཁམས་སླར་གསོ།  ཞིང་སྡེ་དར་སྤེལ་སོགས་ཀྱི་ནང་དོན་ལ་གཅིག་གྱུར་སྒོས་བསམ་གཞིགས་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རྨ་ཆུ་ཟི་ལིང་དུ་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་འཆར་འགོད་བཟང་བོ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་མཉམ་དུ་རྟོག་ཞིབ་བྱས།