ས་དེའི་ཟླ༡༡པའི་ཚེས༢༧ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཱ་ཏི་ལེ་རུ་ཕེབས་ནས། སི་ཕེན་རྒྱལ་པོའི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གནམ་གྲུ་ལས་འབབ་པའི་ཚུལ་རེད།
ས་དེའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཱ་ཏི་ལེ་རུ་ཐོནན་ནས། སི་ཕེན་རྒྱལ་པོའི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་འགོ་བརྩམས།
ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་སི་ཕེན་གྱི་བར་སྣང་དུ་ཐོན་སྐབས། སི་ཕེན་མཁའ་དམག་གི་འཐབ་འཛིང་གནམ་གྲུ་གཉིས་ཀྱིས་སྲུང་སྐྱོབ་བྱས། ས་དེའི་དུས་ཚོད་བཅུ་དྲུག་དང་སྐར་ལྔའི་སྟེང་། ཆེད་བཏང་གནམ་གྲུ་མཱ་ཏི་ལེའི་པ་ལ་ཧ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ཐོན། སི་ཕེན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་རྣམ་གཉིས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། སི་ཕེན་གྱི་བྱིས་པས་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་མེ་ཏོག་ཕུལ་བ་དང་། གུས་ལུགས་དམག་མིས་ལམ་གྱི་ལོགས་གཉིས་ནས་བསུ་མ་བྱས།
ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་ནས། སི་ཕེན་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་ཕེན་བར་དུ་ཡུན་རིང་གི་འགྲོ་འོང་ཡོད། ལོ་སྟོང་གཉིས་ལྷག་གི་སྔོན་ལ། གནའ་བོའི་སྐམ་སའི་དར་གོས་ཚོང་ལམ་གྱིས་གནའ་མཁར་ཁྲང་ཨན་དང་སི་ཕེན་གྱི་ཐ་ལ་ཀི་ན་གཉིས་མཉམ་དུ་སྦྲེལ། ལོ་བཞི་བརྒྱ་ལྷག་གི་སྔོན་ལ། ཕྱོགས་གཉིས་ཀྱིས་མཚོ་ཐོག་དར་གོས་ཚོང་ལམ་བཙུགས་ནས་ཉོ་འཚོང་གི་འགྲོ་འོང་ཟབ་མོ་བྱས། གཅིག་སྟོང་དགུ་བརྒྱ་དོན་གསུམ་ལོར། རྒྱལ་ཁབ་གཉིས་བར་དུ་དངོས་སུ་འབྲེལ་བ་བཙུགས། ཉིས་སྟོང་ལྔ་ལོར་རྒྱལ་ཁབ་གཉིས་བར་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པས། ཀྲུང་གོ་དང་སི་ཕེན་གྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས། དེང་སྐབས་ཀྲུང་གོ་དང་སི་ཕེན་རྒྱལ་ཁབ་གཉི་ག་བཅོས་སྒྱུར་འཕེལ་རྒྱས་ཀྱི་དུས་རིམ་གལ་ཆེན་དུ་གནས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ལ། འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་ཡང་ཕན་པ་ཡོད་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན། འཚམས་འདྲིའི་སྐབས་སུ། ངས་རྒྱལ་པོ་ཧྥེ་ལེ་ཕེ་སྐུ་ཕྲེང་དྲུག་པ་དང་དབུ་བཞུགས་བློན་ཆེན་སང་ཆེ་སི་སོགས་སི་ཕེན་གྱི་འགོ་ཁྲིད་པར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ཏེ། ཀྲུང་གོ་དང་སི་ཕེན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་པ་གཏོད་པར་རེ་སྒུག་བྱས་ཡོད་ཟེར།
ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཉམ་དུ་གནམ་གྲུ་ཐང་ལ་ཐོན།
སི་ཕེན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལུས་ཧྥན་ཡང་གནམ་གྲུ་ཐང་དུ་བསུ་མར་ཐོན།