ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཐུན་མོང་ལེགས་སྒྲིག་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་ལྟར་དུ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཐུན་མོང་ལེགས་སྒྲིག་བྱེད་པའི་བྱ་བར་རྒྱལ་ཁ་ལེན་པར་འབད་འབུངས་བྱ་དགོས་ཟེར།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཝེ། ཁོང་ཡུང་། ཧན་ཅན་ཧྭ། ཝང་ལིས་མེན། དབྱང་ཧྥིན་ཁྲུན། ཀྲང་ལིས། ཀྲང་ཧྲིག་ཁྲིན། ཀྲང་ཝུན་ཁོས་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།
ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱོད་ངན་བཞིར་ལེགས་སྒྲིག་བྱེད་པའི་ལས་སྒོ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གནད་འགག་ལས་རིམ་ཞིག་ཏུ་བརྩིས་ཏེ། སྔོན་ཆད་ལེགས་སྒྲིག་ཡོ་བསྲང་བྱེད་མི་ཐུབ་པའི་སྤྱོད་ངན་མི་ཉུང་བ་ཞིག་རྩ་བ་ནས་སེལ་བར་མ་ཟད། མི་དམངས་མང་ཚོགས་ཀྱི་བློ་བཅོལ་ས་ལྟ་བུར་གྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་རྗེས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཁ་གཏད་གཞལ་ཆེད། ཐེངས་དུ་མར་དེ་འབྲེལ་གྱི་མཆན་བཀོད་མཛུབ་སྟོན་གང་མང་གནང་ནས། སྤྱོད་ལམ་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་གནང་བར་མ་ཟད། ཆོས་ཉིད་འདོན་སྤྲོད་བྱས་ཟེར།
ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྤྱོད་ལམ་འཛུགས་སྐྲུན་ལས་སྒོའི་རང་གིས་རང་ལ་གསར་བརྗེ་བྱེད་པའི་སྙིང་སྟོབས་དང་དུ་བླངས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཐག་གཅོད་པའི་རང་རྟོགས་རང་བཞིན་དང་ཁ་གཏད་རང་བཞིན། ཕན་འབྲས་རང་བཞིན་བཅས་མངོན་གསལ་སྒོས་ཇེ་དྲག་ཏུ་གཏོང་དགོས། ཐུན་མོང་ལེགས་སྒྲིག་བྱ་བའི་བསམ་བློ་དང་ལག་ལེན། ཕན་འབྲས་བཅས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། སློབ་སྦྱོང་དང་སློབ་གསོ། ཏང་གཤིས་གསོ་སྐྱོང་། གནད་དོན་གླེང་ཕྱོགས། གོང་དཔེ་འོག་སྟོན་བཅས་འབུར་དུ་ཐོན་པར་བྱས་ཏེ། རང་ཉིད་དང་འགན་འཁྲི། ཁག་ཁུར་བཅས་ལ་དང་དོད་ནན་མོ་བྱ་དགོས། མང་ཚོགས་ཟབ་ཞུགས་བྱེད་དུ་འཇུག་པ་དང་དཔེ་སྟོན་ལ་བརྟེན་ནས་སྐུལ་འདེད་གཏོང་བ། ལམ་ལུགས་ལ་བརྟེན་ནས་ཚད་ལྡན་ཅན་དུ་གཏོང་བ། བྱ་བར་བརྟེན་ནས་ཉམས་མྱོང་ལེན་པ། དཔེ་གཞི་ལ་བརྟེན་ནས་གཙང་བཅོས་བཟོ་བ་བཅས་ལ་འབད་མཐར། ཐུན་མོང་ལེགས་སྒྲིག་བྱ་བ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་དགོས་ཟེར།
ལིག་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་བརྡ་སྦྱོར་དགོངས་དོན་བཅས་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར་དུ། གནད་དོན་དང་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ལེགས་སྒྲིག་བྱ་བ་དམིགས་ཚད་ཡོད་པའི་སྒོ་ནས་སྤེལ་དགོས་པ་ལས་གཞན། གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རིམ་པ་སོ་སོའི་ཏང་ཨུའི་རང་བདག་འོས་འགན་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འོས་འགན་དངོས་འབེབས་མཐར་ཕྱིན་བྱས་མཐར། ཡུན་རིང་ལ་ཕན་པའི་ལམ་ལུགས་ཤིག་གྲུབ་པར་སྐུལ་འདེད་བྱས་ཏེ། ལེགས་སྒྲིག་ཕན་འབྲས་ལ་བརྟེན་ནས་ལས་བྱེད་པའི་སྤྱོད་ལམ་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཟེར།
ཐིན་ཅཱ་ཚའེ་ཡིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་གནད་དོན་གཙོ་བོ་དམ་པོར་བཟུང་ནས། ཆོས་ཉིད་རང་བཞིན་གྱི་གནད་དོན་ལ་གོ་བ་མ་ནོར་བ་ལེན་དགོས། གནད་འགག་ལས་རིམ་དང་གནད་འགག་གོ་རིམ་འབུར་དུ་ཐོན་པར་བྱས་ཏེ། རྩད་ཞིབ་ལ་བརྟེན་ནས་གནད་དོན་འཚོལ་དགོས། ལེགས་སྒྲིག་དངོས་འབེབས་ནན་མོ་བྱེད་དགོས། གོང་དཔེ་འོག་སྟོན་དང་དཔེ་སྟོན་སྣེ་འདོམས་ཀྱི་ནུས་པ་འབུར་དུ་ཐོན་པར་བྱས་ཏེ། ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པའི་རང་རྟོགས་སྤྱོད་ལམ་གྱིས་གཞན་ལ་མིག་དཔེ་སྟོན་དགོས། སྒྲིག་ཁྲིམས་འཛིན་པ་དང་འགན་འཁྲི་རྩད་གཅོད་བྱེད་པའི་ལས་སྒོ་འབུར་དུ་ཐོན་པར་བྱས་ཏེ། དུས་ཡུན་རིང་བོར་གཟབ་ནན་གྱི་བྱ་བ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་ནུས་ལྡན་གྱི་ཕན་འབྲས་ཐོབ་པར་འབད་དེ། ལེགས་སྒྲིག་བྱ་བར་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ལོན་པར་འགན་ལེན་ཁག་ཐེག་བྱ་དགོས་ཟེར།