ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་དང་གྲོས་མོལ་མཛད།
2018.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་དང་གྲོས་མོལ་མཛད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མའེ་ཨར་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛི་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། མཉམ་ལས་མཉམ་རྒྱལ་གྱིས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གཏིང་ཟབ་སྒོས་གོང་འཕེལ་དུ་བཏང་ནས། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཐད་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དང་། འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་ཕན་པའི་གྲུབ་འབྲས་སྔར་ལས་མང་པོ་ལེན་རྒྱུར་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཀྲུང་གོ་དང་འཇར་མན་བར་དུ་གནད་དོན་མང་པོའི་ཐད་ནས་འདྲ་མཚུངས་དང་ཉེ་མཚུངངས་ཀྱི་ལྟ་ཚུལ་ཡོད་པས། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་མཉམ་དུ་འཛམ་གླིང་གི་གཏན་འཇགས་རང་བཞིན་སྔར་ལས་མང་པོ་སྣོན་དགོས་ཟེར།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་འདོད་བློ་འདི་དག་བཏོན། གཅིག ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཇེ་ཟབ་གཏོང་ན། ཕན་ཚུན་ལ་རྒྱུས་ལོན་དང་ཡིད་ཆེས་བྱེད་རྒྱུ་ནི་རྨང་གཞི་ཡིན། གཉིས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་གསོན་ཤུགས་སྲུང་འཛིན་བྱེད་དགོས་ན། སྒོ་འབྱེད་དང་གསར་གཏོད་མཉམ་ལས་རྒྱུན་འཁྱོངས་བྱེད་དགོས། གསུམ། མཉམ་ལས་གྱི་བར་སྟོང་རྒྱ་བསྐྱེད་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱེད་དགོས། བཞི། ཕྱོགས་གཉིས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་ཆོས་འགྲོ་འོང་སྤེལ་ནས། རིག་གནས་དང་སློབ་གསོ། ན་གཞོན། ལུས་རྩལ་སོགས་ཁྱབ་ཁོངས་རྒྱ་ཆེན་པོ་ནས་བརྗེ་རེས་ཀྱི་སྟེགས་བུ་སྔར་ལས་མང་པོ་བསྐྲུན་དགོས། ལྔ།  ཕྱོགས་གཉིས་ཀྱིས་ལག་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་བཅོས་སྐྱོང་བྱས་ཏེ། སྒོ་འབྱེད་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་མཉམ་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཧྲི་ཐའེ་དབྱིན་མའེ་ཨར་གྱིས་བསྟན་དོན། འཇར་མན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་སོང་བར་ཡིད་ཚིམས་ཡོད་པ་དང་། ཀྲུང་གོའིབ་ར་གྱི་གྲོས་མོལ་ལ་ཤུགས་སྣོན་པ་དང་། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ། ཐུན་མོང་ལྟ་བ་རྒྱ་བསྐྱེད་པ། འགལ་བ་ཇེ་ཆུང་དུ་གཏོང་བ། མཉམ་ལས་ཇེ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་བ། རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་བཅས་བྱེད་འདོད་ཡོད། འཇར་མན་གྱིས་སྲུང་སྐྱོབ་རིང་ལུགས་ཡོད་ཚད་ལ་ངོ་རྒོལ་བྱེད་པ་དང་། ཡོ་རོབ་གླིང་དང་ཀྲུང་གོའི་གཉིས་ཕནན་མཉམ་ལས་ཐད་མུ་མཐུད་དུ་འབད་བརྩོན་བྱས་ཏེ། ཡོ་རོབ་གླིང་དང་ཨེ་ཤ་ཡ་ས་ཁུལ་དང་ཀྲུང་གོའི་བར་གྱི་འབྲེལ་འདྲིས་ལ་ཡར་སྐུལ་བྱེད་འདོད་ཡོད་ཟེར།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་ནས་ཧྲི་ཐའེ་དབྱིན་མའེ་ཨར་ལ་དགའ་བསུའི་མཛད་སྒོ་བསྡུས། དབྱང་ཅེ་ཁྲི་དང་ཏེན་ཀྲུང་ལིས། ཝང་དབྱི། ཞ་པའོ་ལུང་། ཧི་ལིས་ཧྥེང་སོགས་མཛད་སྒོར་ཞུགས།