ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་སོགས་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་བྱས།
2018.12.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་དང་ཞིང་ཆེན་བཟོ་ལས་ཆ་འཕྲིན་ཅན་ཐིན། ཞིང་ཆེན་སློབ་གསོ་ལས་ཁུངས་བཅས་སུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པ་དང་ལས་བྱེད་པར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ལས་ཁུངས་བཅོས་སྒྱུར་བྱས་རྗེས་ཀྱི་འགན་འཁྲི་གསར་བ་དང་ལས་འགན་གསར་བ་དང་མཐུན་པར་བྱེད་པ། སྙིང་སྟོབས་གསར་བ་ཆེར་སྐྱེད་པ་དང་གྲུབ་འབྲས་གསར་བ་འགྲེམ་སྟོན་བྱས་ནས། འགོ་ཚུགས་ས་གསར་བའི་སྟེང་མཚོ་སྔོན་གསར་བ་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས་ཟེར།

ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་དུ། ལིག་ཉིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཞིང་གསུམ་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དེ་སྤྱིའི་བྱེད་ཐབས་སུ་བྱེད་པ། ལྗང་མདོག་སྐྱེ་ཁམས་ཁྲིད་ཕྱོགས་སུ་བྱེད་པ། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་རྒྱུན་མཐུད་ངང་སྤེལ་བ། ཞིང་སྡེའི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། ལུད་རྫས་དང་ཞིང་སྨན་ཇེ་ཉུང་དུ་གཏོང་བ་དང་ཐ་ན་གཏན་ནས་བཀོལ་སྤྱོད་མི་བྱེད་པའི་ཚོད་ལྟའི་བྱ་བར་འཚོལ་ཞིབ་བྱེད་པ། ཞིང་སྡེའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་བའི་འཚོ་བའི་ཆུ་ཚད་དང་མི་སྡོད་ཁོར་ཡུག་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་སྟེ། སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས་ཀྱི་ཚོང་རྟགས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་ལྗང་མདོག་ཞིང་དར་གྱི་ལམ་བུ་རུ་སྐྱོད་དགོས་ཟེར།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དུ། ལིག་ཉིང་གིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་དེ་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཐད་ཀྱི་དབྱེ་འབྱེད་གལ་ཆེན་དང་ཇུས་ཆོད་གལ་ཆེན། ལེགས་སྒྲིག་གལ་ཆེན་སྟེང་གཅིག་གྱུར་བྱེད་པ་དང་། གནས་བབ་ཀྱི་རྗེས་ཆོད་པར་བྱེད་པ་དང་ཚད་མཐའ་དམ་སྲུང་བྱེད་པ། གོ་སྐབས་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མི་རིགས་སློབ་འབྲིང་དང་ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་གཉིས་སུ་རྟོག་ཞིབ་བྱེད་སྐབས། ལིག་ཉིང་གིས་རྒྱ་ཆེའི་དགེ་སློབ་རྣམས་དང་མཛའ་བརྩེའི་གླེང་མོལ་བྱས་པ་དང་། རྒྱ་ཆེའི་སློབ་མ་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་དང་ཁྱིམ་གཞི་འཛུགས་སྐྲུན་བྱེད་པ། མེས་རྒྱལ་གྱི་དྲིན་ལན་འཇལ་ནས། སྤྱོད་ཡོད་གཉིས་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་བྱེད་རྒྱུའི་སྐུལ་མ་བཏང་།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་བཅས་སོ་སོར་རྟོག་ཞིབ་ལ་ཞུགས།