བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་པེ་ཅིན་ནས་ཚོགས།
2018.12.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 218

ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར། བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས《ང་ཚོའི་ལོ་ངོ་བཞི་བཅུ》ཞེས་པ་པེ་ཅིན་ནས་ཚོགས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས། ལྟད་མོ་བ་སྟོང་གསུམ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས་པར་མ་ཟད། བཅོས་སྒྱུར་སྒོ་འབྱེད་སྤེལ་བའི་ལོ་ངོ་བཞི་བཅུའི་རིང་བླངས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱིར་ལྟ་དང་སྤྱི་སྡོམ་བྱས།

བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས《ང་ཚོའི་ལོ་ངོ་བཞི་བཅུ》ཞེས་པ་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་པེ་ཅིན་ནས་ཚོགས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས། ལྟད་མོ་བ་སྟོང་གསུམ་ལྷག་དང་མཉམ་དུ་འཁྲབ་སྟོན་ལ་བལྟས་ནས། བཅོས་སྒྱུར་སྒོ་འབྱེད་སྤེལ་བའི་ལོ་ངོ་བཞི་བཅུའི་རིང་བླངས་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ལ་ཕྱིར་ལྟ་དང་སྤྱི་སྡོམ་བྱས།

དགོང་མོའི་དུས་ཚོད་བདུན་དང་སྐར་མ་ང་ལྔའི་སྟེང་། སྙན་འཇེབས་ཀྱི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོགས་ཁང་དུ་ཕེབས་ཏེ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕུལ་བྱུང་བྱས་རྗེས་ཀྱི་གཟེངས་བསྟོད་ཐོབ་མཁན་གྱི་འཐུས་ཚབ་པ་དང་མཛའ་བརྩེའི་ལག་འཇུ་བྱས་པར་མ་ཟད། ཁོ་ཚོར་བླ་མེད་ཀྱི་གུས་འདུད་ཞུས་པ་དང་། ཚོགས་ཁང་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

མཉམ་ལེན་གླུ་དབྱངས་ང་ཚོའི་བགྲོད་ལམ་ཞེས་པའི་ཁྲོད་དགོང་ཚོགས་དངོས་སུ་འགོ་བརྩམས་པ་དང་། དགོང་ཚོགས་དེ་སྔོན་འགྲོའི་རོལ་མོ་དང་ལེའུ་གོང་འོག་གཉིས། མཇུག་དབྱངས་བཅས་ཀྱིས་གྲུབ་ཡོད་ལ། དགོང་ཚོགས་ཧྲིལ་བོའི་ཁྲོད་རོལ་དབྱངས་དང་ཞབས་བྲོ། ཟློས་གར། སྙན་ངག་གྱེར་འདོན། སྣང་ཚུལ་འཁྲབ་སྟོན། བརྙན་མང་གཟུགས་སོགས་ཀྱི་གར་སྟེགས་བྱེད་ཐབས་སྣ་མང་སྤྱད་དེ། ལོ་ངོ་བཞི་བཅུའི་རིང་བྱུང་བའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ངོམས་ཡོད་པ་དང་། ལོ་ངོ་བཞི་བཅུའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་བསྐྱར་དར་ཕུགས་འདུན་མངོན་འགྱུར་བྱེད་ཆེད་རྒྱུན་མཐུད་ངང་འབད་འཐབ་བྱེད་པའི་འཐབ་ལམ་ཆེན་པོ་རུ་བསྐྱོད་པའི་གནས་ཚུལ་མཚོན་ཡོད་ལ། མི་དམངས་དུང་ཕྱུར་མང་པོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག བཅོས་སྒྱུར་སྒོ་འབྱེད་མཐའ་གཅིག་ཏུ་སྤེལ་བའི་ཆོད་སེམས་དང་ཡིད་ཆེས་མངོན་པར་བྱས་ཡོད།

པེ་ཅིན་དུ་སྡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱིས་དགོང་ཚོགས་ལ་བལྟས།

དགོང་ཚོགས་ལ་བལྟ་བར་ཡོང་བའི་མི་སྣ་ལ་ད་དུང་། ཀྲུང་དབྱང་ཏང་སྲིད་དམག་གསུམ་དང་མང་ཚོགས་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ། ཏང་ཡོན་རྒན་པ་དང་ལས་བྱེད་རྒན་པའི་འཐུས་ཚབ་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཕུལ་བྱུང་བྱས་རྗེས་ཀྱི་གཟེངས་བསྟོད་ཐོབ་མཁན་གྱི་མི་སྣ་དང་ཁྱིམ་མིའི་འཐུས་ཚབ་པ། ཞང་ཀང་དང་ཨོ་མིན་གྱི་སྤུན་ཟླ་དང་། ཐའེ་ཝན་སྤུན་ཟླ། ཕྱིར་སྡོད་རང་མི། ཕྱིར་མེས་རྒྱལ་དུ་ལོག་པའི་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་ཚབ་པ། རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་ཚབ་པ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་གི་འཐུས་ཚབ་པ། རྒྱལ་ཁབ་སོ་སོའི་ཀྲུང་གོར་སྡོད་པའི་གཞུབ་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་སོ་སོའི་ཀྲུང་གོར་སྡོད་པའི་འཐུས་མི་དང་ཀྲུང་གོ་རུ་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པའི་འཐུས་ཚབ་པ་བཅས་ཡོད།