རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2018.12.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 83

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་བདུན་པ་ཉེ་ལམ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱིས་སྒོ་འབྱེད་བརྒྱ་སྐྱེད་པ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁེ་ལས་གཙོར་འཛིན་པ་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ། ཚོང་ར་ཅན་གྱི་འཁོར་རྒྱུག་རྒྱུན་འཁྱོངས་བྱེད་པ། མཉམ་གྲོས་མཉམ་འཛུགས་དང་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་དང་ཡུན་རིང་བོར་བྱས་རྗེས་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་དེ་ཀྲུང་གོ་དང་འཛམ་གླིང་བར་མཉམ་བསྲེས་མཉམ་འབྲེལ་དང་མཉམ་ལས་གཉིས་རྒྱལ་བྱེད་པའི་མཚན་བྱང་གལ་ཆེན་དུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཅིག་གིས་ཕྱི་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་གྱི་དོ་དམ་བདག་གཉེར་དང་སྲིད་ཇུས་རྒྱབ་སྐྱོར། ཤེས་ལྡན་མི་སྣའི་འདེགས་སྐྱོར། ཉེན་ཁར་དོ་དམ་དང་ཚོད་འཛིན་བྱེད་པ་སོགས་ཐད་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་ཚོས་བསྟན་དོན། ད་ལོ་ནི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱི་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་འཛུགས་པར་ཆོག་མཆན་བཀོད་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡང་ཡིན་པ་དང་། རང་རྒྱལ་གྱི་ཕྱི་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཇེ་ཆེར་བཏང་སྟེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་པ་མ་ཟད། མགྲོན་བདག་རྒྱལ་ཁབ་ཀྱི་བཟོ་ལས་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་བཏང་སྟེ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་བྱེད་པའི་འདྲེན་བྱེད་གལ་ཆེན་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད། ཡིན་ན་ཡང་སྤྱིའི་ཆ་ནས་བལྟས་ན། མཉམ་ལས་ཁུལ་འཛུགས་སྐྲུན་ཐད་ནས་ད་དུང་འཚོལ་ཞིབ་དུས་རིམ་དུ་གནས་ཡོད་ལ། ཉམས་མྱོང་གིས་མི་འདང་བ་དང་། འགྲན་རྩད་ཀྱི་ཆུ་ཚད་དམའ་བ། དངུལ་གཏོང་ཚོང་གཉེར་རྣམ་པ་མི་བཟང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞབས་ཞུའི་འགན་སྲུང་ཆ་མི་ཚང་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ལ་ཐུག་ཡོད་ཟེར།

ཨུ་ཡོན་ཁ་ཤས་ཀྱིས། ཕྱི་ཁོངས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་ན། ཆེ་ཕྱོགས་ཀྱི་མཛུབ་སྟོན་ལ་ཤུགས་སྣོནཔ་དང་། ་ཐོན་ལས་ཀྱི་སྣེ་ཁྲིད་ཇེ་ལེགས་སུ་གཏོང་བ། འགུལ་རྣམ་དཔྱད་འཇོག་དང་དཔྱད་ཞིབ་རྐྱེན་སྲོལ་བཙུགས་ནས། མཉམ་ལས་ཁུལ་བདེ་ཐང་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་དགོས། ནོར་སྲིད་དང་ཁྲལ་བསྡུ་སོགས་ཀྱི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་གཏོང་བ། ཕྱོགས་གཉིས་ཀྱི་གྲོས་མོལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། མཉམ་ལས་ཁུལ་འཛུགས་སྐྲུན་ཐད་ཁོར་ཡུག་བཟང་བོ་བསྐྲུན་དགོས། ཉེན་ཁའི་དཔྱད་འཇོག་དང་སྔོན་བརྡ། འགོག་སྲུང་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། སྒྲིག་སྲོལ་སོགས་ཕྱོགས་ཀྱི་ཉེན་ཁར་གཡོལ་བར་མཉམ་འཇོག་བྱས་ནས། ཕྱི་རྒྱལ་གྱི་དངུལ་གཏོང་ཐད་ཀྱི་བདེ་འཇགས་ས་ཚིགས་འཛུགས་སྐྲུན་བྱེད་དགོས། ཡུན་རིང་བོར་ཚོང་གཉེར་བྱེད་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཁེ་ལས་ཀྱིས་མགྲོན་བདག་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རིག་གནས་གོམས་སྲོལ་ལ་བརྩི་འཇོག་བྱེད་པར་སྣེ་ཁྲིད་བྱེད་པ། ཐོན་ཁུངས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། ས་དེའི་ལས་བཟོ་བ་མང་པོ་གླ་བ། ས་གནས་དེའི་ཐོན་ལས་སྔར་ལས་མང་པོ་ཉོ་བསྡུ་བྱེད་པ། འོས་འཚམ་གྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་ཏེ། ཀྲུང་གོའི་ཁེ་ལས་ཀྱི་རྒྱལ་སྤྱིའི་སྣང་བརྙན་བཟང་བོར་སྲུང་སྐྱོབ་བྱེད་རྒྱུའི་གྲོས་གཞི་བཏོན།

ཝང་ཀྲིན་ཝེ་དང་ཀུའུ་ཧྲིན་ཙུའུ་གཉིས་ཀྱིས་ཚོགས་ཐོག་ནས་གཏམ་བཤད།