མཚོ་སྔོན་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2018.12.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས་པའི་མཛད་སྒོའི་སྟེང་གི་་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབས་མཐར་ཕྱིན་བྱས་ཏེ། ཐོག་མའི་ཕུགས་འདུན་མི་བརྗེད་པར་བྱེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་ཉར་བ། བདེན་འཛིན་བདེན་གཉེར་བྱེད་པ། འབད་འབུངས་ཧུར་བརྩོན་བྱེད་པ་བཅས་ལ་འབད་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པ་དང་། རིགས་སོ་སོའི་མི་དམངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་པར་འབད་འབུངས་ལྷོད་མེད་བྱ་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་གི་དམག་སྲིད་དཔོན་པོ་གཙོ་གྲས། ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཟི་ལིང་གི་ལས་བྱེད་པ་རྒན་པ་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་ལ་བརྟེན་ནས་ཐུན་མོང་གི་བསམ་བློའི་ལྟ་བ་གོང་བུར་འགྲིལ་བ་ལ་འབད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས་པའི་མཛད་སྒོའི་སྟེང་དུ། ཡིད་ཆེས་ཀྱིས་ཁེངས་ཤིང་ཁག་ཁུར་གྱི་འདུ་ཤེས་མངོན་པར་གསལ་བ། བརྩེ་བས་ཕྱུག་པ། སྟོབས་ཤུགས་ཀྱིས་ཀུན་ནས་རྫོགས་པའི་གསུངས་བཤད་གལ་ཆེན་གནང་བར་བརྟེན། དེས་དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཡང་བསྐྱར་ལམ་ལ་ཆས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་ཆོས་ཉིད་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་བརྗོད་གཞི། བསམ་བློའི་བྱེད་ཐབས་བཅས་ལ་གོ་བ་མཐིལ་ཕྱིན་པ་ལོན་པར་སློབ་སྦྱོང་ནན་མོ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་དོན་སྙིང་གལ་ཆེན་དང་མཚར་སྡུག་འོད་སྟོང་འབར་བའི་བཞུད་ལམ། གྲུབ་འབྲས་རླབས་ཆེན། ཉམས་མྱོང་རྩ་ཆེན། ལོ་རྒྱུས་ཀྱི་འགན་འཁྲི། འཐབ་ཇུས་བཀོད་སྒྲིག་བཅས་ལ་གོ་བ་མ་ནོར་བ་ལེན་དགོས་པར་མ་ཟད། དུས་རབས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེང་ནས། དམིགས་ཚད་མཐོན་པོ་དང་སྐས་རྐང་གསར་བ། རིམ་པ་མཐོ་གྲས་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལས་དོན་སྤེལ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱིས་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་གྲུབ་འབྲས་ལ་བརྟེན་ནས་མདུན་སྐྱོད་ལ་སྒུལ་ཤུགས་བསྩོལ་དགོས། ལོ་ངོ་བཞི་བཅུའི་རིང་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་ལ་སྣེ་ཁྲིད་དེ། ཚོད་བགམ་དང་འགྲན་རྩོད་རབས་དང་རིམ་པ་ཞིག་ལས་རྣམ་པར་རྒྱལ་ཡོད་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། མཚོ་སྔོན་གྱི་རྣམ་པར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། མཚོ་སྔོན་གྱི་ལས་རིམ་ཁག་སོ་སོའི་བྱ་བར་རྣམ་པ་གསར་བ་མངོན་ཏེ་སྐས་རིམ་གསར་བ་ཞིག་ཏུ་སླེབས། བཅོས་སྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་དང་ལག་ལེན་གྱིས་ང་ཚོ་ལ། བཅོས་སྒྱུར་སྒོ་འབྱེད་མེད་ན་དེ་རིང་གི་མཚོ་སྔོན་ཡེ་ནས་མེད་པ་དང་། མཚོ་སྔོན་གྱི་མ་འོངས་གསར་བ་བསྐྲུན་པར་ཅིས་ཀྱང་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས་པའི་གནས་ལུགས་སྟོན་གྱིན་ཡོད་པས། ང་ཚོས་སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་བཅོས་སྒྱུར་སྒོ་འབྱེད་ཟབ་སར་འཁྱོལ་རག་བར་དུ་སྤེལ་དགོས་ཟེར།

ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་བསྟན་དོན། མྱུར་མོར་ལག་ལེན་ལ་འདེབས་པ་དང་རྩ་འཛུགས་ཞིབ་ཚགས་བྱས་ནས།  གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་ཤིག་སྒོ་ཀུན་ནས་འཕྱུར་བར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས་པའི་ཚོགས་ཆེན་སྟེང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབས་དང་རིམ་པའི་དགོངས་དོན་གཉིས་གཞི་གཅིག་ཏུ་སྦྲེལ་ནས་སློབ་སྦྱོང་བྱེད་དགོས་ལ། འདུ་ཤེས་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་ལག་ལེན་ལ་བསྟར་ནས། ཐོག་མཐའ་བར་གསུམ་ཀུན་ལ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དངོས་གཉེར་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། འདས་པའི་བྱེད་ཐབས་ལེགས་པོ་བཀོལ་སྤྱོད་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་པའི་སྔོན་ཐོན་ཉམས་མྱོང་བསྡུ་ལེན་བྱེད་པ། ཕྱོགས་སོ་སོའི་ཐུན་མོང་ལྟ་བ་གཅིག་བསྡུས་བྱས་ནས། བཅོས་སྒྱུར་སྒོ་འབྱེད་ཀྱི་མཉམ་འདུས་སྟོབས་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས། ཤུགས་ཆེན་པོས་བཅོས་སྒྱུར་གྱི་ཁག་ཁུར་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བྱ་བ་གཙོ་བོ་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་བ། ལོ་ཧྲིལ་བོའི་དམིགས་འབེན་འགན་འཁྲི་ཡོངས་འགྲུབ་བྱེད་པ། སང་ལོའི་བྱ་བར་བཀོད་སྒྲིག་ལེགས་པོ་བྱེད་པ་བཅས་ལ་འབད་མཐར། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལས་དོན་འབད་པས་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་སངས་རྒྱས་སྐྱབས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་སོགས་ཀྱིས་གཏམ་བཤད།