མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་ཚོགས།
2018.12.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

མཚོ་སྔོན་ཞིང་ཆེན་གྱི་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གིས་སྤྲད་པའི་བྱ་བ་བཟང་བོར་བསྒྲུབ་པ། རིགས་སོ་སོའི་མང་ཚོགས་ཀྱི་རེ་སྒུག་བྱེད་པའི་དོན་དངོས་བཟང་བོར་བསྒྲུབ་ནས། མཚོ་སྔོན་མེས་རྒྱལ་གྱི་ཁྱིམ་གཞིའི་ཆེན་མོའི་ནང་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས2018ལོའི་རོགས་སྐྱོར་མཉམ་ལས་བརྗེ་རེས་བྱ་བའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་འཆར་གཞི་ངོ་སྤྲོད་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡན་ཅིན་ཧའེ། ཡུས་ཚོང་ལི། ཉི་མ་སྒྲོལ་མ། ཝང་ལིས་མེན། ཀྲུང་ཝུན་ཁོས་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཤར་ནུབ་རྒྱུད་དབུལ་སྐྱོར་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་ཆེན་པོ་དང་བཀོད་སྒྲིག་ཆེན་པོ། བྱེད་ཐབས་གལ་ཆེན་ཡིན་པ་དང་། དེས་ཏང་ཀྲུང་དབྱང་གིས་མཚོ་སྔོན་ནང་དུ་འདུ་བའི་ནུབ་རྒྱུད་ས་ཁུལ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་སེམས་ཁུར་ཆེན་པོ་བྱེད་བཞིན་པ་མཚོན་ཡོད། ཆབ་སྲིད་ཀྱི་ཟུར་སྣེ་ནས་རོགས་སྐྱོར་ལ་ལྟ་སྟངས་འཛིན་དགོས་ན། འདུ་ཤེས་བཞི་བརྟན་པོ་འཛུགས་པ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དཀའ་ངལ་ཁྱད་སེལ་བྱས་ནས། རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་པ་དང་། འགུལ་སྐྱོད་དངོས་ཀྱིས་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཆབ་སྲིད་ཀྱི་རྒྱུགས་ལན་སྤྲོད་དགོས། དཔལ་འབྱོར་གྱི་ཕྱོགས་ངོས་ནས་མཉམ་ལས་ལ་ལྟ་སྟངས་འཛིན་དགོས་ཏེ། རོགས་སྐྱོར་བརྒྱུད་དེ་དབུལ་སྐྱོར་བྱེད་དགོས་པ་མ་ཟད། མཉམ་ལས་བརྒྱུད་དེ་དབུལ་སྐྱོར་བྱེད་དགོས་ལ། རོགས་སྐྱོར་ཐད་ཀྱི་འདོན་སྤྲོད་དང་དགོས་མཁོ་ལ་གཅིག་གྱུར་འཆར་འགོད་བཟང་བོ་བྱེད་པ་དང་། མཉམ་ལས་ཁྲོད་ཞན་ཆ་གསབ་བྱེད་པ་དང་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། སྤྱི་ཚོགས་ཀྱི་ངོས་ནས་བརྗེ་རེས་ལ་ལྟ་སྟངས་འཛིན་དགོས་ཏེ། སྲིད་གཞུང་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣ། ཁེ་ལས། རིགས་མི་འདྲ་བའི་དཔལ་འབྱོར་རྩ་འཛུགས། མང་ཚོགས་དང་དམངས་ཁྲོད་རྩ་འཛུགས་བར་གྱི་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། རིགས་སོ་སོའི་མི་དམངས་བར་གྱི་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མི་རིགས་སོ་སོ་བར་གྱི་མཛའ་བརྩེའི་བར་ཐག་ཇེ་ཉེ་རུ་གཏོང་བ། མི་རིགས་སོ་སོས་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོའི་ཁྲད་ཕན་ཚུན་རོགས་རེས་དང་མཐུན་སྒྲིལ་དམ་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་བརྟན་པོ་འདིངས་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། དགོངས་དོན་གྱི་གོ་དོན་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ནས། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ཟེར། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་རེས་སྐོར་ལ་དོ་སྣང་བྱེད་དང་སྒོ་འབྱེད་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། འགན་ནུས་བསྒྲུབ་པ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ། མཉམ་དུ་རོགས་སྐྱོར་ཐད་ཀྱི་བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱེད་པ་དང་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། མཚོ་བྱང་ཁུལ། ཡུལ་ཤུལ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་དང་། ཐེན་ཅིན་དང་ཅང་སུའུ། ཀྲིག་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་འགོ་ཁྲིད་སོགས་ཀྱིས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ།