མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་དབུལ་སྐྱོར་མཁྲེགས་གཏོར་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་འཕྲོས་པའི་གནད་དོན་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས།
2019.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་དབུལ་སྐྱོར་མཁྲེགས་གཏོར་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་འཕྲོས་པའི་གནད་དོན་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་འཕྲོས་པའི་གནད་དོན་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཝང་དབྱང་རྣམ་གཉིས་ཀྱི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་མཚོ་སྔོན་ལ་རྟོག་ཞིབ་བྱེད་སྐབས་བཏོན་པའི་བླང་བྱ་གལ་ཆེན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་འཕྲོས་པའི་གནད་དོན་ལེགས་བཅོས་དང་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དབུལ་ཕོངས་གཙང་སེལ་བྱ་བའི་འཕེལ་རིམ་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པར་མ་ཟད། དུས་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ། ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ལས་འཕྲོས་པའི་གནད་དོན་ལེགས་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཉིང་དང་། ཚན་གཙོ་གཞོན་པ་ཡན་ཅིན་ཧེ་དང་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུའུ་ཞི་ཝང་དབྱང་། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་བཅས་ཀྱི་གསུང་བཤད་དང་བླང་བྱ་གལ་ཆེན་ལ་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། ཁ་གཏད་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་ཞིང་། དེས་ང་ཚོས་དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་བཟང་པོར་སྒྲུབ་པར་ཁ་ཕྱོགས་གསལ་པོ་བསྟན་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དབུལ་ཐར་མཁྲེགས་གཏོར་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། སྤྲོ་སེམས་དང་བརྩེ་བ་ཆེན་པོས་སློབ་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། བརྩེ་སེམས་དང་འགན་ཁུར་ཆེན་པོས་དོན་དག་བསམ་པ་དང་དོན་དག་སྒྲུབ་པ། དོན་དག་འགྲུབ་པར་བྱེད་པ་བཅས་དམ་སྦྲེལ་བྱས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་དམ་འཛིན་ལྷོད་མེད་ངང་བཟང་བོར་སྒྲུབ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྙིང་སྟོབས་ཆེ་རུ་བསྐྱེད་དགོས་ཏེ། དབུལ་ཐར་མཁྲེགས་གཏོར་ཅི་ཙམ་དུས་མཇུག་ལ་ཐོན་ན་དེ་ཙམ་གྱིས་བརྩོན་པ་ཆེ་རུ་བསྐྱེད་ནས། བསམ་བློར་གཡོ་བ་མེད་པ་དང་། བྱ་བར་ལྷོད་གཡེང་མེད་པ། གྲུབ་འབྲས་ལ་འགྱུར་ལྡོག་མེད་པ་བཅས་བྱས་ཏེ་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་དོགས་ཟོན་བྱེད་དགོས། འགན་ཁུར་ཕྲག་ཏུ་ལེན་དགོས་ཏེ་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་མཛུབ་སྟོན་དང་ཡར་ཞུ་བཟང་པོ་བྱེད་པ་དང་། ཁོངས་གཏོགས་ལས་ཁུངས་ཀྱིས་རང་གི་འགན་འཁྲི་ལག་བསྟར་བཟང་པོ་བྱེད་པ། སྡེ་ཁག་སོ་སོས་འགན་ནུས་བཟང་པོར་སྤེལ་བ་བཅས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྣ་ཚོགས་དངོས་སུ་དམ་འཛིན་བཟང་པོ་བྱེད་དགོས། ཐབས་ལམ་བཀོལ་སྤྱོད་བཟང་པོ་བྱེད་དགོས་ཏེ། དབུལ་ཐར་མཁྲེགས་ཀྱི་བྱ་བའི་ཁུལ་པོ་ཇེ་ཡང་དུ་གཏོང་ཆེད། གསལ་འདེབས་དང་མཛུབ་སྟོན། སྐུལ་སློང་། རོགས་རམ་བཅས་མང་ཙམ་བྱེད་པ་དང་། འཁང་ར་དང་ལེ་བདའ་ཉུང་ཙམ་བྱས་ནས། གནད་དོན་ཅི་ཞིག་རྙེད་ན་དེ་ཐག་གཅོད་དགོས་ལ། དབུལ་ཕོངས་འཐབ་ཕྱོགས་དང་པོའི་ལས་བྱེད་པའི་བརྩོན་སེམས་བསྐྱེད་ནས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་སྔར་ལས་བཟང་པོར་སྒྲུབ་དགོས་ཟེར།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་བྱ་དགའ་གནང་ཡུལ་དང་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཡུལ་གཞན་གནས་སྤོར་གཟེངས་བསྟོད་གནང་ཡུལ་འདེམ་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།