མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.08.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་དང་དེར་སློབ་སྦྱོང་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བདེ་ལས་དོན་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱིའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས། ཧུར་བརྩོན་ཆེན་པོས་དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་རྣམ་པ་གསར་པ་བཏོད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་སྐོར་གསལ་བཤད་མདོར་བསྡུས་བྱས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡུས་ཚུང་ལི། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡོན། ཝང་ཀྲིན་ཧྲིན། ཀྲང་ཝུན་ཁོས་བཅས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་སྤྱི་བདེ་བྱ་བ་བཟང་བོར་བསྒྲུབ་དགོས་པ་དཀྱིལ་སྙིང་དུ་བཟུང་ནས་དེ་འབྲེལ་གྱི་གཞུང་ལུགས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབས་དང་རིམ་པ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་སྤྱི་བདེ་བྱ་བར་ཇུས་འགོད་རྩེ་གྲ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་འགན་འཁྲིའི་འདུ་ཤེས་ཆེན་པོ་བཅངས་ནས། དུས་རབས་གསར་པའི་མཚོ་སྔོན་གྱི་སྤྱི་བདེ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་གོང་འཕེལ་ལ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་རྟོགས་སྒོས་ཡུལ་ཕྱོགས་གཅིག་གི་བརྟན་འཇགས་ལ་སྲུང་སྐྱོབ་དང་ཡུལ་དེའི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཆབ་སྲིད་འོས་འགན་ཕྲག་སྟེང་དུ་བླངས་ནས། སྟོབས་ཤུགས་གཅིག་གྱུར་ལ་འཆར་འགོད་དང་ཐོན་ཁུངས་མཉམ་སྤྱོད་ལ་དོ་སྣང་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་མཐུན་སྦྱོར་དང་ཕན་ཚུན་གྱི་མི་འདང་ས་གསབ་རེས་བྱེད་རྒྱུར་དོ་སྣང་བྱས་ནས། མུ་མཐུད་དུ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་དང་གྲོན་དངུལ་གྱིས་འགན་སྲུང་བྱེད་ཤུགས་སོགས་ཇེ་དྲག་ཏུ་བཏང་མཐར། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་སྐུལ་འདེད་གང་ལེགས་གཏོང་དགོས་ཟེར།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་། ཞིང་ཆེན་དམག་ཁུལ། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱིའི་རུ་ཁག་བཅས་ཀྱི་འབྲེལ་ཡོད་བློ་མཐུན། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། སྤྱི་བདེ་ཅུའུ་ཡི་ཅུའུ་ཀྲང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཐིན་ཁོངས་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།