ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས།
2019.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན་སོགས་ལས་ཁུངས་བཅུ་གཅིག་གིས་རོགས་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་དྲིལ་སྒྲོག་པུའུ་དང་དྲ་འཕྲིན་གཞུང་ལས་ཁང་གིས་འགན་སྒྲུབ་བྱས་པའི། དྲ་རྒྱའི་བདེ་འཇགས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་དྲ་རྒྱའི་བདེ་འཇགས་མི་དམངས་ལ་བརྟེན་དགོས་པ་བརྗོད་དོན་ཡིན་པའི་ཉིས་སྟོང་བཅུ་དགུ་ལོའི་མཚོ་སྔོན་ཞིང་ཆེན་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བྱེད་སྒོའི་འགོ་རྩོམ་མཛད་སྒོ་ཟི་ལིང་དཀྱིལ་སྙིང་ཐང་ཆེན་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་གྱིས་བྱེད་སྒོ་དངོས་སུ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་གཏམ་བཤད།

ཀྲང་ལིས་ཀྱིས་བསྟན་དོན། དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཁ་ཆེ་གྲས་འགོག་སྲུང་བྱེད་རྒྱུ་དང་དྲ་རྒྱའི་བདེ་འཇགས་ཀྱི་དོན་རྐྱེན་ཆེ་གྲས་འགོག་པ། དྲ་རྒྱའི་བདེ་འཇགས་བརྟན་འཇགས་ངང་འཁོར་རྒྱུག་བྱེད་པར་འགན་སྲུང་བྱེད་རྒྱུ་བཅས་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན། དྲ་རྒྱའི་བདེ་འཇགས་ཀྱི་ལྟ་བ་ཡང་དག་པ་ཞིག་བཙུགས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་དྲ་རྒྱའི་བདེ་འཇགས་བྱ་བ་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། དྲ་རྒྱའི་བདེ་འཇགས་སྐོར་གྱི་ཤེས་བྱ་དང་རྩལ་ནུས་ཁྱབ་བརྡལ་དུ་གཏོང་དགོས་པ་ལས་གཞན། དྲ་རྒྱའི་བདེ་འཇགས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དྲ་རྒྱའི་བདེ་འཇགས་ལ་གཙིགས་ཆེན་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་གྲུབ་པར་བྱེད་པ། དྲ་རྒྱའི་བདེ་འཇགས་ཀྱིས་མི་དམངས་ལ་འགོག་སྲུང་འཛིང་རགས་བསྐྲུན་པ་བཅས་ལ་འབད་མཐར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཡིད་རྟོན་རུང་ལ་སྟོབས་དང་ལྡན་པའི་དྲ་རྒྱའི་བདེ་འཇགས་འདོན་སྤྲོད་བྱེད་དགོས་ཟེར།

ཀྲང་ཞི་མེན་དང་ཀྲང་ལིས་ཀྱིས་འགོ་རྩོམ་མཛད་སྒོའི་རྗེས་ནས་འབྲེལ་ཡོད་སྡེག་ཁག་གི་འགན་ཁུར་མི་སྣ་དང་ལྷན་དུ་དྲ་རྒྱའི་བདེ་འཇགས་ཀྱི་འགྲེམ་སྟོན་ལ་བལྟས།