རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་སྟེང་མིང་བཀོད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་དང་བསྟུན་ནས་མི་ཞེ་གཉིས་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།
2019.09.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་དགུ་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། མི་ཞེ་གཉིས་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་ཀྲུའུ་ཞིའི་བཀའ་ཁྱབ་སྟེང་མིང་བཀོད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། མི་ཞེ་གཉིས་ལ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

ཀྲུའུ་ཞིའི་བཀའ་ཁྱབ་གཞིར་བཟུང་ནས་ཡུས་མེན་དང་། ཧྲིན་ཅི་ལན༼  མོ  ༽   སུན་ཅ་ཏུང་། ལིས་ཡན་ཉན། ཀྲང་ཧྥུའུ་ཆིན། ཡོན་ལུང་ཕེན། ཐུའུ་ཡུག་ཡུག ༼ མོ  ༽   ཧོང་ཞུའུ་ཧྭ་བཅས་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་གནང་།

ཁཱ་ཨར་ཁཱ་སི་ཐི་ལོ-ལུའུ་ཟི། ༼ ཁུ་པ་རྒྱལ་ཁབ ༽  མཱ་ཧཱ་ཀྲ་ཁི་ལི-ཧྲི་ལིན་ཐུང་། ༼  མོ། ཐེ་གོ་རྒྱལ་ཁབ  ༽ སཱ་ལེ་མུའུ-ཨེ་ཧཱ་མེ་ཏི-སཱ་ལེ་མུའུ། ༼ ཐན་སང་ཉི་ཡ་རྒྱལ་ཁབ ༽  ཅ་ལིན་ནཱ-ཁུའུ་ལི་ཁི་ཝ། ༼  མོ། ཨུ་རི་སི་རྒྱལ་ཁབ ༽  ལཱ་ཧྥ་ལན། ༼ ཧྥ་རན་སི་རྒྱལ་ཁབ ༽དབྱི་ཧྲ་པེ-ཁི་ལུའུ་ཁི། ༼ མོ། ཁ་ན་ཏ་རྒྱལ་ཁབ ༽  བཅས་ལ་མཛའ་བརྩེའི་གཟེངས་རྟགས་གནང་།

དབྱེ་ཕེ་ཅན། ཝུའུ་ཝུན་ཅོན། ནན་རིན་ཏུང་།༼ མན་ཇི་རིགས ༽  ཀུའུ་ཧྥང་ཀྲིག ཁྲིན་ཁེ་ཅ་བཅས་ལ་མི་དམངས་ཚན་རིག་པ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

ཡུས་དབྱི། ༼ མོ  ༽  ཝེ་ཞིན་ཧྭ། ཀའོ་མེན་ཞོན་བཅས་ལ་མི་དམངས་སློབ་གསོ་པ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

ཝང་མིན། ཆིན་དབྱི། ༼  མོ  ༽  ཀོ་ལན་དབྱིན། ༼  མོ  ༽  བཅས་ལ་མི་དམངས་སྒྱུ་རྩལ་པ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་། ཨེ་རིག་ཐིས-མ་མུའུ་ཐི། ༼ ཡུ་གུར་རིགས ༽  ཧྲིན་ལེང་ལེང་། མའེ་ཞན་ཏི། ཀྲང་ཁྲའོ་བཅས་ལ་མི་དམངས་དཔའ་བོ་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་། ཝང་ཝུན་ཅོ་དང་། ཝང་ཡུག་ཏི། ༼  ཧོས་རིགས ༽  ཝང་ཆི་མེན། ཝང་ཅི་ཚེ། པུའུ་རུའུ་མཱ་ཧན-མའོ་ལི་ཏོ། ༼  མོ། ཁོར་ཁེ་ཙི་རིགས ༽  ཀྲུའུ་ཡན་ཧྥུའུ། ལི་པའོ་ཀོ། ཏུའུ་ཀོས་མཱ། ༼  མོ། སོག་རིགས ༽   ཀོ་ཏི་རོང་། ༼  ཏུའུ་ལུང་རིགས  ༽བཅས་ལ་མི་དམངས་ཀྱི་དཔེ་བཟང་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།

རག་བསྡུས། ༼ བོད་རིགས ༽  ལ་མི་རིགས་མཐུན་སྒྲིལ་གྱི་བྱས་རྗེས་ཕུལ་བྱུང་འཇོག་མཁན་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་། ཏུང་ཅན་ཧྭ་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཕུལ་བྱུང་བྱས་རྗེས་འཇོག་མཁན་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་། ལིས་ཏའོ་ཡུས་ལ་ཕྱི་འབྲེལ་བྱ་བའི་ཕུལ་བྱུང་བྱས་རྗེས་འཇོག་མཁན་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།  ཧྥན་ཅིན་ཧྲི། ༼  མོ  ༽ལ་རིག་དངོས་སྲུང་སྐྱོབ་ཀྱི་ཕུལ་བྱུང་བྱས་རྗེས་འཇོག་མཁན་ཞེས་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་།