ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད།
2019.09.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 76

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། 


ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་སྐབས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་ལ། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ། བརྟན་འཇགས་འགན་སྲུང་བཅས་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་ནན་མོ་བྱེད་པ། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ནས་མུ་མཐུད་དུ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་བ་དང་། དབུས་རྒྱུད་ས་ཁུལ་དུ་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་པར་མ་ཟད། དུས་རབས་གསར་བའི་ཀྲུང་ཡོན་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར། ཞི་ཅིན་ཕིང་ཧི་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་གོ་ཧྲིན་དང་ཧྲིན་ཀྲང་ཁྲིན་རུན་ཨར་གཉིས་ཀ་དང་མཉམ་དུ་ཞིན་ཡང་དང་ཀྲིན་ཀྲིག་སོགས་ས་ཁུལ་གྱི་གསར་བརྗེའི་གནས་རྙིང་ས་ཁུལ་དང་ཞིང་སྡེ། ཁེ་ལས་སོགས་ལ་ཕེབས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛད།

རྟོག་ཞིབ་མཛད་སྐབས། ཞི་ཅིན་ཕིང་གིས་ཧི་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ཡར་ཞུ་ཉན་པར་མ་ཟད་ཧི་ནན་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་འཕེལ་རྒྱས་གནས་བབ་བཟང་ནའང་རྒྱལ་སྤྱིའི་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བའི་དབང་གིས་རང་རྒྱལ་གྱི་འཕེལ་རྒྱས་དེ་ཉེན་ཁ་དང་འགྲན་རྩོད་གསར་བ་དང་འཕྲད་ཡོད་པས། ང་ཚོས་ངེས་པར་དུ་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་དགོས། ཧི་ནན་ཞིང་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་པ་དང་། ཧུར་ཐག་སྒོས་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་སྡེ་དར་སྤེལ་འཐབ་ཇུས་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཧུར་ཐག་སྒོས་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་སྲོག་ཤིང་ཡིན་པའི་འགྲན་རྩོད་ནུས་པ་དམ་འཛིན་བྱེད་དགོས་ལ། ཞིང་ལས་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་པ་དང་། སྤུས་ལེགས་འབྲུ་རིགས་བཟོ་སྐྲུན་ལག་བསྟར་ནན་མོ་བྱས་ནས་ས་ཞིང་སྲུང་སྐྱོབ་དང་ས་ཤུགས་ཇེ་ཆེར་གཏོང་བ་འབུར་དུ་ཐོན་པར་བྱེད་པ་དང་། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས་ལ། འབྲུ་རིགས་ཀྱི་ཚོང་ར་དང་འཁོར་རྒྱུག་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། ཧུར་ཐག་དང་བརྟན་བརླིང་སྒོས་ས་ཞིང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དེ་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཀྱི་ཕན་ནུས་དང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཞིང་སྡེ་དར་སྤེལ་ཁྲོད་དུ་ཞིང་ལས་སྟོབས་ལྡན་ཞིང་ཆེན་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་མཐོང་ཆེན་བྱས་ཏེ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་དང་། མགོ་ཁུངས་ནས་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་དགོས་ལ། རྒྱུན་མཐུད་སྒོས་ཐོན་ལས་སྒྲིག་གཞི་དང་ནུས་ཁུངས་སྒྲིག་གཞིའི་རིམ་འཕར་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་གསར་སྐྲུན་བྱེད་དགོས་པར་མ་ཟད། རྦད་ཆོད་སྒོས་གནམ་སྔོ་ཞིང་ཆུ་དྭངས་བ་དང་ས་གཙང་བའི་སྲུང་སྐྱོབ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། རི་ཆུ་ནགས་གསུམ་དང་མཚོ་དང་མཚོའུ་ཡི་མ་ལག་བཅོས་སྐྱོང་བྱེད་པར་གཅིག་སྒྱུར་སྒོས་འཆར་འགོད་བྱས་ནས། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་བཟང་བོ་བྱེད་པ་དང་རང་བྱུང་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་འཇགས་རང་བཞིན་མཐོར་འདེགས་སུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་སྐོར་ཐེངས་དང་པོ་མཇུག་སྒྲིལ་བ་དང་སྐོར་ཐེངས་གཉིས་པ་ད་ལྟ་སྤེལ་འགོ་བརྩམས། རིམ་པ་སོ་སོའི་ཏང་ཨུ་ཡིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་སྤྱི་སྡོམ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དམ་འཛིན་བྱེད་དགོས། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། རིགས་བགར་མཛུབ་སྟོན་ལ་ཡིད་འཇོག་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས་ལ། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་ཡིད་འཇོག་བྱེད་པ་དང་དུས་ཐོག་ཏུ་སློབ་གསོ་དམ་འཛིན་བྱེད་པར་ཡིད་འཇོག་བྱེད་པ། མང་ཚོགས་ཀྱིས་སེམས་ཁུར་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་པར་ཡིད་འཇོག་བྱས་ནས། ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོ་སྐོར་གྱི་རེ་བ་སྣ་ཚོགས་ས་ཆ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།

ཏེན་ཞེའོ་ཞང་དང་ལིག་ཧི། ཧི་ལིས་ཧྥིན། དེ་མིན་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ལ་ཞུགས།