ཞི་ཅིན་ཕིང་གིས་ཀྲིན་ཀྲིག་ནས་འགོ་འཛིན་མཛད་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2019.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲིན་ཀྲིག་ནས་འགོ་འཛིན་མཛད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲིན་ཀྲིག་ནས་འགོ་འཛིན་མཛད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་ཀྲིན་ཀྲིག་ནས་འགོ་འཛིན་མཛད་དེ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཁོང་གིས་བསྟན་དོན། རི་ལྗང་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྷད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཆུ་དང་བརྟེན་ནས་ཐག་གཅོད་པ་དང་ཆུ་ལ་བརྟེན་ནས་བསྐྱོད་པ། ཡུལ་བབ་དང་བསྟུན་ལ་རིགས་བགོས་ཇུས་བསྟར་བྱེད་པ། སྟོད་སྨད་འབབ་རྒྱུད་དང་ཆུ་ལག་འབབ་རྒྱུད། གཡས་གཡོན་ངོགས་གཉིས་སུ་གཅིག་གྱུར་འཆར་འགོད་བྱེད་པ། སྲུང་སྐྱོང་ཆེན་པོ་བྱེད་པ་བཅས་མཉམ་དུ་བཟང་བོར་འཛིན་པ། ལེགས་བཅོས་ཆེན་པོ་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ལ་སྲུང་སྐྱོང་དང་ལེགས་བཅོས་བྱེད་པར་ནུས་ཡོད་སྒོས་ཤུགས་སྣོན་པ། རྨ་ཆུ་ཡུན་རིང་བདེ་འགོད་ཡོང་བར་འགན་སྲུང་བྱེད་པ་དང་ཆུའི་བཞུར་རྒྱུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པ། རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་ལ་སྲུང་སྐྱོབ་བྱས་ཏེ། རྨ་ཆུ་ནི་མང་ཚོགས་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་། བཞུགས་མོལ་ཚོགས་འདུའི་སྟེང་དུ་མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཧུའུ་ཧི་ཕེན། ཧི་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཀོ་ཧྲིན། རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལུའུ་ཝུའུ། སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ལི་ཀན་ཅེ། ཆུ་བེད་པུའུ་ཡི་པུའུ་ཀྲང་ཨིག་ཅིན་ཕིང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཧྲན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིང་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལི་ཅི་ཧིན། ཧྲན་ཏུང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལིག་ཅ་དབྱི། ཟི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཕིན་ཆིན་ཧྭ། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཏོ། ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཧྲི་ཐེ་ཧྥིན་བཅས་ཀྱིས་ཡིག་ཐོག་གི་གཏམ་བཤད་འདོན་སྤྲོད་བྱས་པར་མ་ཟད། སོ་སོར་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་ས་ཆུ་སྲུང་འཛིན། བཙོག་བཟོ་འགོག་བཅོས་སོགས་ཀྱི་ཐད་ནས་རང་རང་གི་ངེས་ཤེས་དང་ལྟ་ཚུལ་བརྗོད་པ་དང་། དོན་དངོས་དང་སྦྱར་ནས་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མའི་གཏམ་བཤད་ལ་ཉན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ནི་རང་རྒྱལ་གྱི་གལ་ཆེ་བའི་སྐྱེ་ཁམས་འགོག་ཡོལ་དང་དཔལ་འབྱོར་ས་ཁུལ་གཙོ་བོ་ཡིན་ལ། དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བའི་ས་ཁུལ་གཙོ་བོ་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་བདེ་འཇགས་ཀྱི་ཕྱོགས་ནས་གོ་གནས་ཧ་ཅང་གལ་ཆེན་ཟིན་ཡོད། རྨ་ཆུར་སྲུང་སྐྱོབ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དུས་གཏན་ཇུས་ཆེན་དང་འབྲེལ་བ་ཡོད། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་སུ་གཏོང་བ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་མཚོ་ཁུག་ཆེན་པོ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་བཅས་དང་འདྲ་བར་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། རྨ་ཆུ་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ནས་རྨ་ཆུའི་བཞུར་རྒྱུད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། བཞུར་རྒྱུད་ཀྱི་ཞིང་ཆེན་ས་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁབ་ལེན་ཐུབ་པར་ཧུར་བརྩོན་གྱིས་རྒྱབ་སྐྱོར་བྱེད་པ། རྨ་ཆུའི་བཞུར་རྒྱུད་ཀྱི་མི་དམངས་མང་ཚོགས་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཆུ་ལོག་སྔོན་འགོག་གི་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་སོགས་གནད་དོན་ཐག་གཅོད་ལེགས་པོ་བྱེད་རྒྱུ་དེ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྨ་ཆུ་དྭངས་ན་གནམ་འོག་བདེ། གནའ་ནས་བཟུང་སྟེ་ཀྲུང་ཧྭ་མི་རིགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་རྨ་ཆུའི་ཆུ་ལོག་དང་ཐན་སྐྱོན་ལ་འཐབ་རྩོད་བྱས་ནས་ཡོང་བ་རེད། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཏང་དང་རྒྱལ་ཁབ་ཀྱིས་རྨ་ཆུ་བཅོས་སྐྱོང་གསར་སྤེལ་བྱེད་པར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྨ་ཆུའི་འགྲམ་རྒྱུད་ཀྱི་དམག་དམངས་དང་རྨ་ཆུ་འཛུགས་སྐྲུན་མཁན་རྣམས་ཀྱིས་གཞི་རྒྱ་ཆེ་བའི་སྒོ་ནས་རྨ་ཆུར་བཅོས་སྐྱོང་དང་སྲུང་སྐྱོང་བྱེད་པའི་བྱ་བ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། རྨ་ཆུར་བཅོས་སྐྱོང་བྱེད་པ་དང་གཙོ་གནད་སྲུང་སྐྱོང་དང་བཅོས་སྐྱོང་བཅས་བྱེད་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་མ་ལག་བཅོས་སྐྱོང་བྱེད་པ། མགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་བསྣན་ནས། རྨ་ཆུའི་བཞུར་རྒྱུད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གཏོང་དགོས།

གཅིག  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དགོས། རྨ་ཆུའི་སྐྱེ་ཁམས་མ་ལག་ནི་སྐྱེ་ལྡན་ཚོགས་སྤྱི་ཞིག་ཡིན་པས་སྟོད་སྨད་བར་གསུམ་གྱི་ཁྱད་པར་ལ་བསམ་བློ་ཡང་དག་གཏོང་དགོས།

གཉིས།  རྨ་ཆུ་ཡུན་རིང་བདེ་འཇགས་ཡོང་བར་ཁག་ཐེག་བྱེད་དགོས། རྨ་ཆུ་ནི་ཆུ་ཉུང་ཞིང་བྱེ་མ་མང་བ་དང་ཆུ་དང་བྱེ་མའི་བར་གྱི་འབྲེལ་བ་མཐུན་སྦྱོར་མིན་པ་དེ་ནི་རྨ་ཆུ་བཅོས་སྐྱོང་བྱེད་དཀའ་བའི་གནད་འགག་གཙོ་བོ་རེད།

གསུམ།  ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྨ་ཆུའི་ཐོན་ཁུངས་ཀྱི་ཆུའི་ཚད་ནི་དེ་ཙམ་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་ན་ཆུ་དགོས་ལ། དཔལ་འབྱོར་འཕེལ་རྒྱས་དང་ཉིན་རྒྱུན་འཚོ་བ་གང་ཡིན་ཡང་ཆུ་དང་འབྲལ་ཐབས་མེད་པས། ཆུ་ནི་འཛད་མེད་ཀྱི་ཐོན་ཁུངས་ཤིག་ཏུ་གཏན་ནས་བསམ་མི་རུང་།

བཞི། རྨ་ཆུའི་བཞུར་རྒྱུད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་དོན་དངོས་ནས་འགོ་བརྩམས་ཏེ། ཆུ་ལ་འཚམ་ན་ཆུ་དང་རི་ལ་འཚམ་ན་རི། ཟས་ལ་འཚམ་ན་ཟས་བཅས་གང་ལ་གང་འཚམ་གྱིས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགོད་ལམ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས།

ལྔ། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས། རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡི་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན།

ཧན་ཀྲིན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལོན་པར་བྱས་ཏེ། སྲུང་སྐྱོང་ཆེན་པོ་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་བཅོས་སྐྱོང་ཆེན་པོ་བྱེད་པར་མཐུན་སྦྱོར་སྐུལ་འདེད་བཏང་ནས། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཏེན་ཞོའེ་ཞང་དང་ལིག་ཧི། ཧི་ལི་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།