མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་བྱ་བའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་བསྡུས།
2019.09.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་བྱ་བའི་སྤྱི་སྡོམ་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་དང་། ཁྱོན་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བ་ལ་སྤྱི་སྡོམ་བྱས་པར་མ་ཟད། བྱ་བའི་ཉམས་མྱོང་གི་ཕྱོགས་ནས་བསམ་ཚུལ་བརྗེ་རེས་བྱས་པ་ལས་གཞན། མ་འོངས་པའི་འོས་འགན་གཙོ་བོར་ཞིབ་འཇུག་བཀོད་སྒྲིག་བྱས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཀྲུང་དབྱང་གི་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་བྱ་བའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་སྤྱི་སྡོམ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད་དུ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སྤྱད་དེ་རང་ཉིད་ཀྱི་བསམ་བློར་དྲག་ཆས་སྤྲས་ཏེ། ཁྱོན་ཡོངས་ནས་བརྡར་གཅོད་གསར་པ་དང་གྲུབ་འབྲས་གསར་པ། ཉམས་མྱོང་གསར་པ། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་བླངས་ནས། བསམ་བློ་དང་སྦྱོར་བ་གཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱའི་ཐོག་ནས་གཅིག་གྱུར་ཚད་མཐོ་ཡོང་བར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་སྒོས་བཏོད་རྒྱུ་དང་བཅོས་སྒྱུར་ལས་དོན་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་མཐར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་བཟངཔོ་ཞུ་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་སྒྲིག་གཞི་བཅོས་སྒྱུར་བྱེད་འགོ་ཚུགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུས་བཏོན་པའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “འགྲིག་སྐོར་གཅིག”གི་གཅིག་གྱུར་འཆར་འགོད་རྒྱུན་འཁྱོངས་བྱས་པ་དང་།  ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་ས་གནས་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ། སྒྲིག་གཞི་བཅོས་སྒྱུར་བྱ་བའི་ཁ་ཕྱོགས་རང་བཞིན་དང་མ་ལག་རང་བཞིན། མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན། གཟབ་ནན་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་པ་ལས་གཞན། དུས་ལྟར་སྤུས་ཚད་ལ་འགན་ལེན་ཡོད་པའི་སྒོ་ནས་སྒྲིག་གཞི་བཅོས་སྒྱུར་གྱི་འོས་འགན་ཡོངས་འགྲུབ་བྱས་ཏེ། སྤྱི་ཡོངས་ཀྱི་ཕན་འབྲས་བཟང་པོ་ཐོབ་ནས་མུ་མཐུད་དུ་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྒྲིག་གཞི་བཅོས་སྒྱུར་གྱི་རྗེས་ཕྱོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་པ་དང་། ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ལ་སྣེ་འདོམས་བྱེད་པ་དང་ཕྱོགས་ཁག་མཐུན་སྦྱོར་ཐུབ་པའི་ཐད་འགན་ལེན་བྱེད་པ། སྒྲིག་གཞིའི་འགན་ནུས་ཇེ་ལེགས་སུ་བཏང་ནས་ཕན་འབྲས་མཐོན་པོ་ལོན་པར་མཐུན་སྦྱོར་བྱེད་པ།  “གཏན་འཁེལ་གསུམ”གྱི་གཏན་འབེབས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ། འབྲེལ་ཡོད་བཅོས་སྒྱུར་ལྷུ་ལག་ཆ་ཚང་བསྒྲིག་རྒྱུ་དོན་འཁྱོལ་ཐུབ་པའི་ཐད་འགན་ལེན་བྱེད་པ། སྒྲིག་གཞིའི་དོ་དམ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། སྒྲིག་གཞི་བཅོས་སྒྱུར་གྱི་གྲུབ་འབྲས་སྔར་ལས་ལ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།     ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་སྒྲིག་གཞི་བཅོས་སྒྱུར་ལས་འགན་ལེགས་འགྲུབ་བྱས་པ་དེས།  བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ། གོམ་སྟབས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དངོས་འབེབས་དམ་འཛིན་ནན་མོ་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་བྱ་བར་འཕེལ་རྒྱས་གསར་པ་འབྱུང་དུ་འཇུག་པ་བཅས་ལ་འབད་དེ།  མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་དུ་འཇུག་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་གྱིས་འགོ་འཛིན་གཏམ་བཤད་ཁྲོད་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ནས་བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལོན་དགོས། སྒྲིག་གཞི་བཅོས་སྒྱུར་ཟབ་སྤེལ་བྱ་བའི་བླང་བྱ་གསར་པར་གོ་བ་གནད་དུ་སྨིན་པ་བླངས་ནས་ཁོང་དུ་ཆུད་པར་བྱེད་དགོས། མ་ལག་སྔར་ལས་ཆ་ཚང་ཅན་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ཤུགས་ཆེ་བ་བཅས་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་མཐར། ཞིང་ཆེན་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ། ཡུལ་ཤུལ་གྲོང་ཁྱེར་བཅས་ཀྱི་འགན་ཁུར་མི་སྣས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཀྲང་ཞི་མེན། ཡན་ཅིན་ཧེ། ཡུས་ཚུང་ལི། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝང་ལིས་མེན། ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། ངག་དབང་བསོད་ནམས། ཁྲིན་མེན་ཀོ་བཅས་ཚོགས་འདུར་ཞུགས།