མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་སོང་ནས་སློབ་སྦྱོང་དང་ལྟ་ཞིབ་བྱས།
2019.11.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་ཞིང་ཆེན་དུ་སློབ་སྦྱོང་དང་ལྟ་ཞིབ་བྱེད་པར་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་སྤེལ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། མཉམ་དུ་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས། མཉམ་ལས་ལ་ཤུགས་སྣོན་པ་སོགས་ཀྱི་བྱ་བར་གྲོས་སྡུར་བྱས།

ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་ནན་ཅིན་ནས་བསྡུས། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོའུ་ཆིན་ཅན་གྱིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱི་གཏམ་བཤད། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཀྲིན་ལུང་དང་། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རོགས་སྐྱོར་གནས་ཚུལ་ཐད་ནས་ངོ་སྤྲོད་བྱས།

ལོའུ་ཆིན་ཅན་གྱིས་ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཅང་སུའུ་རུ་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། ཁོས་བཤད་རྒྱུར། ད་ལོའི་ཟླ་བརྒྱད་པར་ང་ཚོ་མཚོ་སྔོན་ཞིང་ཆེན་དུ་སློབ་སྦྱོང་དང་ལྟ་ཞིབ་བྱེད་པར་སོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་སོ་སོའི་ཐད་ནས་འཕེལ་རྒྱས་ཆེན་པོ་སོང་ཡོད་ལ། ང་ཚོས་ཧུར་ཐག་གིས་དབུལ་ཐར་བྱེད་པའི་མཚོ་སྔོན་དང་ཡར་ངོས་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བའི་མཚོ་སྔོན་ཞིག་མཐོང་བྱུང་། ཅང་སུའུ་དང་མཚོ་སྔོན་གཉིས་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་དང་། ཞིང་ཆེན་གཉིས་ཀྱི་དབུལ་ཐར་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་བླངས་པ་དང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གྱུར་ལ། འབྲེལ་བ་སྔར་ལས་ཇེ་བཟང་བུ་སོང་། མིག་སྔར། རྒྱལ་ཡོངས་གོང་འོག་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལ་ཤུགས་སྣོན་པ་དང་ཞིང་ཆེན་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་འགུལ་སྐྱོད་དངོས་སུ་བརྩིས་ནས། བཀོད་པའི་གྲོས་མཐུན་དང་གྲོས་ཐག་བཅད་པའི་བྱ་བ་བརྟན་བརླིང་ངང་བཟང་བོར་བསྒྲུབ་པ་དང་། ཀྲུང་དབྱང་གིས་བསྩལ་བའི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ལག་བསྟར་བཟང་བོ་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ཐད་ནས་གནད་ཕིགས་ལ་དམིགས་པ་དང་ཡུན་ཕན་ཐད་ཤུགས་བཏོན་ནས། སྔོན་ཆད་ཀྱི་ཕན་པ་ཆེ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་མ་ཟད། ཁ་གཏད་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ། ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱིས་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱེད་པར་རོགས་བྱེད་པ་དང་། གཏན་འཇགས་ངང་དབུལ་ཐར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་བསམ་ཕྱོགས་རྒྱ་སྐྱེད་པ་དང་ཁྱབ་ཁོངས་རྒྱ་སྐྱེད་དེ། ནུས་ཁུངས་དང་ཐོན་ལས། སྐྱེ་ཁམས། ཆུའི་ཐོན་ཁུངས་སྲུང་སྐྱོབ་སོགས་ཁྱབ་ཁོངས་སྔར་ལས་མང་པོ་དང་། ཁེ་ལས་དང་སློབ་གྲྭ རིག་མཛོད། དམངས་ཁྲོད་ཚོགས་པ་སོགས་ཕྱོགས་མང་པོ་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཅང་སུའུ་དང་མཚོ་སྔོན་གྱི་ཁ་གཏད་དབུལ་སྐྱོར་མཉམ་ལས་དང་བརྗེ་རེས་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་ཐུབ་པར་བྱེད་པ་དང་། ཞིང་ཆེན་གཉིས་ཀྱི་མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཚབ་བྱས་ནས་ཅང་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་བོར་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཁ་གཏད་རོགས་སྐྱོར་དང་དབུལ་སྐྱོར་མཉམ་ལས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ཆེན་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཇུས་ཆོད་གལ་ཆེན་ཕྱིར་བཏོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་བྱ་བར་བཀོད་སྒྲིག་མཛད་ལ། རོགས་སྐྱོར་གྱི་གྲུབ་འབྲས་ཆེན་པོས་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་དང་མེས་རྒྱལ་གྱི་ཁྱིམ་གཞི་ཆེན་པོའི་དྲོད་ཁོལ་ཉམས་སུ་མྱོང་ཐུབ་པར་བྱས། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རོགས་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནས་མཐོན་པོས་རོགས་སྐྱོར་དང་དབུལ་སྐྱོར་བྱ་བ་སྤེལ་བར་སྐུལ་འདེད་བཏང་བ་དང་། སྤྱི་ཁོག་གི་འཆར་འགོད་འོག་དབུལ་སྐྱོར་བྱ་བ་བཟང་བོར་སྤེལ་ལ། རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཁྲོད་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྟེང་ཤུགས་ཆེན་པོས་འདེགས་སྐྱོར་བྱས་ཏེ། རོགས་སྐྱོར་ལས་གཞི་རེ་རེའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་ཐུབ་པར་བྱེད་དགོས། ད་ལོར་མཚོ་སྔོན་གྱིས་དབུལ་བོ་དབུལ་ནག་མེད་པར་བྱེད་པའི་དབུལ་ཕོངས་དམིགས་འབེན་མངོན་འགྱུར་བྱེད་པ་དང་། སང་ལོར་སྟོབས་ཤུགས་ཡོད་རྒུས་སྲ་བརྟན་དང་མཐོར་འདེགས་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་དབུལ་སྐྱོར་མཉམ་ལས་བྱེད་པའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཡིད་ཆེས་བརྟན་པོ་དང་ཆོད་སེམས་བརྟན་པོ། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་བྱ་བའི་རྒྱལ་ཁ་ལེན་དགོས་ཟེར།

ཅང་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ཧྥན་ཅིན་ལུང་དང་ཀྲང་ཅིན་ཧྭ། ཀའོ་ཡོན་ཆང་། ལིས་ཞའོ་མེན་དང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལིས་ཞང་ཅེ་དང་ཡན་ཅིན་ཧའེ། ཉའོ་ཁྲིན་ཡུན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།