ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཅིག་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2019.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ས་དེའི་ཚེས་བཅུ་བཞི་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཅིག་པ་པ་ཞིའི་རྒྱལ་ས་པ་ཞི་ལི་ཡ་ནས་བསྡུས། པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་ཡིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མོ་ཏིས། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་བཅས་ཐུག་འཕྲད་ལ་ཞུགས། ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་མཉམ་སྦྲེལ་གྱིས་མཉམ་ལས་ཀྱི་ལོ་རྒྱུས་གསར་པ་ཧུར་ཐག་གིས་རྩོམ་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

འདི་ནི་རྒྱལ་ཁབ་ལྔའི་མགོ་ཁྲིད་པའི་མཉམ་པར་རེད།

ས་དེའི་ཚེས་བཅུ་བཞི་ཉིན། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཅིག་པ་པ་ཞིའི་རྒྱལ་ས་པ་ཞི་ལི་ཡ་ནས་བསྡུས། པ་ཞིའི་ཙུང་ཐུང་པོ་སོ་ན་ལོ་ཡིས་ཐུག་འཕྲད་ལ་མགོ་འཛིན་བྱས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། རྒྱ་གར་གྱི་ཙུང་ལི་མོ་ཏིས། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་བཅས་ཐུག་འཕྲད་ལ་ཞུགས། རྒྱལ་ཁབ་ལྔའི་མགོ་ཁྲིད་པས་དཔལ་འབྱོར་འཕར་སྣོན་ལ་བརྟེན་ནས་གསར་གཏོད་ཀྱི་མ་འོངས་པ་བསྐྲུན་པ་བརྗོད་གཞིར་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་དེ། ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་།

ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་མཉམ་སྦྲེལ་གྱིས་མཉམ་ལས་ཀྱི་ལོ་རྒྱུས་གསར་པ་ཧུར་ཐག་གིས་རྩོམ་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ནས། གསེར་གྱོམ་རྒྱལ་ཁབ་ཀྱིས་ཡོད་འོས་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱེད་པ་དང་། ཕྱོགས་མང་རིང་ལུགས་དར་སྤེལ་དང་ལག་ལེན་བྱས་ཏེ། ཞི་བདེ་གཏན་འཇགས་ཀྱི་བདེ་འཇགས་ཁོར་ཡུག་བསྐྲུན་དགོས་ལ། བཅོས་སྒྱུར་དང་གསར་གཏོད་ཀྱི་དུས་རབས་གོ་སྐབས་དམ་འཛིན་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེའི་གྲོགས་པོའི་འབྲེལ་བ་གསར་བ་ཟབ་སྤེལ་བྱེད་དགོས་པར་མ་ཟད། ཕན་ཚུན་བར་གྱི་སློབ་སྦྱོང་ལ་ཡར་སྐུལ་བྱས་ཏེ་མི་གཞུང་བརྗེ་རེས་ཀྱི་ཡངས་ཚད་དང་ཟབ་ཚད་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་དབང་གཞི་གཅིག་ཅན་དང་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཐེངས་འདིའི་ཐུག་འཕྲད་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་འབྱུང་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པ་ཡིན། ཚན་རྩལ་གསར་བརྗེ་གསར་པ་དང་ཐོན་ལས་སྒྱུར་བཅོས་གོང་ནས་གོང་དུ་འཕེལ་བཞིན་ཡོད་ལ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོམ་སྟབས་ནི་སུས་ཀྱང་འགོག་ཐབས་མེད། དེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ལ་སྒུལ་ཆེན་པོ་འདོན་བཞིན་ཡོད། ཡིན་ནའང་སེམས་ཁུར་བྱེད་དགོས་པ་ཞིག་ནི། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཀྱི་སྣང་ཚུལ་ཚབས་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད་ལ། བཅོས་སྐྱོང་མཚལ་ཡིག་དང་འཕེལ་རྒྱས་མཚལ་ཡིག ཡིད་རྟོན་མཚལ་ཡིག་བཅས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ། འཛམ་གླིང་དཔལ་འབྱོར་ཁྲོད་དུ་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་པ་བཅས་ཀྱི་སྣང་ཚུལ་དེ་རེད། ལོ་བརྒྱའི་རིང་བྱུང་མ་མྱོང་བའི་སྒྱུར་བཅོས་ཀྱི་མདུན་དུ། གསེར་གྱོམ་རྒྱལ་ཁབ་ཀྱིས་དུས་རབས་ཀྱི་འཕེལ་ཕྱོགས་ལ་བསྟུན་པ་དང་། མི་དམངས་ཀྱི་འབོད་སྒྲར་ཉན་ནས། ཡོད་འོས་པའི་འགན་འཁྲི་ཁག་ཁུར་མངོན་པར་བྱེད་པ་དང་། འཕེལ་རྒྱས་སྙེག་པའི་བགྲོད་ལམ་སྟེང་དུ་ཆོད་སེམས་ལ་འགྱུར་བ་མེད་པ། མཐུན་སྒྲིལ་མཉམ་ལས་ཀྱི་བརྒྱུད་རིམ་ཁྲོད་དུ་ལག་རྡང་མཉམ་སྦྲེལ་གྱིས་འབད་བརྩོན་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་གཉེར་བ་དང་འཛམ་གླིང་ལ་འཕེལ་རྒྱས་གཉེར་དགོས། གཅིག ཞི་བདེ་གཏན་འཇགས་ཀྱི་བདེ་འཇགས་ཁོར་ཡུག་བསྐྲུན་དགོས། གཉིས། སྒོ་འབྱེད་གསར་གཏོད་ཀྱི་འཕེལ་རྒྱས་མདུན་ལྗོངས་གཉེར་དགོས། གསུམ། ཕན་ཚུན་སློབ་སྦྱོང་གི་མི་གཞུང་བརྗེ་རེས་ལ་ཡར་སྐུལ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྒོ་འབྱེད་རྒྱ་བསྐྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚོང་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་ཇེ་མང་དུ་གཏང་བ། ཕྱི་དངུལ་ཁྲོམ་རར་འཇུག་ཚད་རྒྱ་བསྐྱེད་པ། ཤེས་བྱའི་ཐོན་དབང་གི་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕྱོགས་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་ཡངས་པོའི་ཕྱོགས་ཡོངས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་ཡིན། ཀྲུང་གོས་མཉམ་གྲོས་མཉམ་བསྐྲུན་མཉམ་སྤྱོད་ཀྱི་རྩ་དོན་བརྩི་སྲུང་བྱེད་པ་དང་། སྒོ་འབྱེད་ལྗང་མདོག་སྤྱོད་གཙང་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོན་པོའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དུ་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་པ་དང་། ནམ་ཡང་འགྱུར་བ་མེད་པར་ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཞི་གཅིག་ཅན་མཉམ་བསྐྲུན་བྱེད་པ་དང་། མཉམ་འབྲེལ་མཉམ་སྐྱོད་ཀྱི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་དབང་གཞི་གཅིག་ཅན་འཛུགས་པ། སྒོ་འབྱེད་དཀྱེལ་ཡངས་དང་གསར་གཏོད་འཕར་སྣོན། མཉམ་འབྲེལ་མཉམ་གཏོང་། མཉམ་ལས་མཉམ་རྒྱལ་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཞི་གཅིག་ཅན་འཛུགས་པ་བཅས་ལ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཞི་གཅིག་ཅན་འཛུགས་པའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུད་མ་ཆད་པར་མདུན་སྐྱོད་བྱེད་དགོས་ཟེར།

ཉིན་དེར་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ད་དུང་གསང་བའི་གྲོས་ཚོགས་བསྡུས་པ་དང་། ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་ནས། གསེར་གྱོམ་རྒྱལ་ཁབ་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་པ་དང་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཉེན་ཁ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། གསེར་གྱོམ་རྒྱལ་ཁབ་ཀྱིས་འགན་འཁྲིའི་འདུ་ཤེས་དང་དགོས་གཏུགས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་མཉམ་ལས་སྤེལ་ནས། རྒྱལ་ཁབ་ལྔའི་མི་དམངས་དང་། རྒྱ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་བཅས་ཀྱི་ཆེད་དུ་སྔར་ལས་འོད་སྟོང་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཁབ་ལྔའི་མགོ་ཁྲིད་པ་སེམས་ཤུགས་གཅིག་མཐུན་གྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་ལ་ཤུགས་བསྣན་ནས། ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པར་འཐད་པ་བྱུང་།

ཐུག་འཕྲད་ལས་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གཅིག་པའི་པ་ཞི་ལི་ཡའི་བསྒྲགས་གཏམ་སྤེལ།