ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་པོས་མཚོ་སྔོན་གྱི་ས་ཁུལ་ཁ་ཤས་ཀྱི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2019.11.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོའི་ལེགས་སྒྲིག་དངོས་འབེབས་བྱ་བ་དང་དེའི་མཇུག་འབྲས་ལ་ཕྱིར་བལྟ་བྱེད་པ། ཆེད་དོན་ལེགས་སྒྲིག་བྱ་བ་སྤེལ་བའི་གནས་ཚུལ་བཅས་ཀྱི་སྙན་འབུལ་གྲོས་ཚོགས་བསྡུས་ཤིང་། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་པོའི་ཚན་གཙོ་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་སྔོན་ཆད་ཀྱི་ཀྲུའུ་རིན་ཧྥན་ཞའོ་ཅན་གྱིས་སྙན་ཞུར་ཉན་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་སྙན་ཞུ་ཕུལ།

ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དུ། ཀྲུང་དབྱང་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དང་པོས་མགོ་ལོག་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་གཏིང་ཟབ་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པས་བརྗོད་དོན་གཙོ་བོ་འབུར་དུ་ཐོན་པར་དམིགས་པ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་དམ་འབྲེལ་བྱེད་པ། གཙོ་གནད་བྱེད་ཐབས་བཞི་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཞིབ་ཚགས་དང་རིགས་དབྱེ། ལྟ་སྐུལ་མཛུབ་སྟོན་ནན་མོ་བཅས་བྱས་པར་བརྟེན། རྩ་འཛུགས་ནུས་ལྡན་དང་འཕེལ་རྒྱས་གོ་རིམ་ལྡན་པ། ལས་དོན་ཏན་ཏིག་བཅས་ཀྱི་རྣམ་པ་བཟང་པོ་མངོན་ནས། དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པར་ངོས་འཛིན་བྱས། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱིས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཆོས་ལུགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམངས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་པ་ལས་གཞན། དེ་འབྲེལ་གྱི་གནད་དོན་དང་མི་འདང་སར་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་ཡང་དག་བཏོན།