མཚོ་སྔོན་ཞིང་ཆེན་ཏང་ཨུས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།
2019.11.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཁྲིན་ཞི་ཡི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་དང་པོས་མཚོ་སྔོན་ནས་ལྟ་ཞིབ་བྱེད་རིང་བཏོན་པའི་བསམ་འཆར་དང་འབྲེལ་ཡོད་བླང་བྱ་དང་། བརྗོད་དོན་སློབ་གསོ་སྐོར་ཐེངས་དང་པོ་སྤེལ་བའི་མཇུག་འབྲས་ལ་ཕྱིར་ལྟ་བྱས་པའི་གནས་ཚུལ་དང་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ལས་ཁུངས་ཀྱི་ཆེད་དོན་ལེགས་སྒྲིག་དང་ལེགས་སྒྲིག་ལས་དོན་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཉན་པར་མ་ཟད། མ་འོངས་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཝང་ཡུས་ཡན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

གྲོས་ཚོགས་ལས་བསྟན་དོན། བརྗོད་དོན་སློབ་གསོ་ཁག་གཉིས་པ་སྤེལ་བའི་ཚུན་ལ། བརྗོད་དོན་སློབ་གསོའི་ལས་དོན་ནང་ཞུགས་མཁན་གྱི་ས་གནས་སོ་སོའི་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་དང་རིགས་དགར་ནས་དག་ཐེར་བྱ་རྒྱུར་མཐོང་ཆེན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བྱས་པའི་ཆེད་དོན་ལེགས་སྒྲིག་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་པར་མ་ཟད། སློབ་སྦྱོང་ལ་དམ་འཛིན་དང་གནད་དོན་ལ་དམ་པོར་དམིགས་ནས། བརྗོད་དོན་སློབ་གསོའི་ལས་དོན་ཁག་ཚང་མ་གཙང་མར་བསྒྲུབས་ནས་དེ་བསྟུན་གྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤྱིའི་ཆ་ནས་མཇུག་སྒྲིལ་ལ་ཉེ་ཞིང་།  ལས་དོན་ཁག་ཚང་མ་གནད་འགག་གི་སྐུལ་འདེད་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ནུས་ལྡན་གྱི་ཞིབ་ཕྲའི་བྱེད་ཐབས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། ཆེད་དོན་ལེགས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཡག་པོ་བསྡུ་བ། དངོས་སྒྲུབ་དང་གཟབ་ནན་གྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་ཐག་གཅོད་བྱེད་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་གཏན་འབེབས་ལས་དོན་ཚང་མ་ཡོངས་འགྲུབ་གྲུབ་བྱེད་པ་བཅས་ལ་འབད་མཐར། བརྗོད་དོན་སློབ་གསོར་གྲུབ་འབྲས་བཟང་བོ་ཞིག་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།