ཞི་ཅིན་ཕིང་གིས་ཨུ་རི་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲིག་ཧྥུའུ་ལ་མཇལ་འཕྲད་གནང་།
2019.12.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རི་སིའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ལམ་སྲོལ་གྲོས་ཚོགས་དང་། ཀྲུང་གོ་དང་ཨུ་རི་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨུ་རི་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲིག་ཧྥུའུ་ལ་མཇལ་འཕྲད་གནང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་དང་ཨུ་རི་སིའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་ལམ་སྲོལ་གྲོས་ཚོགས་དང་། ཀྲུང་གོ་དང་ཨུ་རི་སིའི་འཐབ་ཇུས་བདེ་འཇགས་གྲོས་མོལ་ལ་ཞུགས་པར་ཡོང་བའི་ཨུ་རི་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་དྲུང་ཡིག་ཕ་ཐི་ལུའུ་ཧྲིག་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ཀྲུང་གོ་དང་ཨུ་རི་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རྒྱལ་ཁའི་ངང་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དུས་རབས་གསར་བ་ཞིག་ཏུ་སྐྱོད་པར་བྱས། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་པའི་རྒྱལ་སྤྱིའི་གནས་བབ་ལ་གཞིགས་ནས་ཀྲུང་གོ་དང་ཨུ་རི་སི་གཉིས་སྔར་ལས་མཉམ་འབྲེལ་དམ་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཡིད་ཆེས་དང་བློ་གཏད་བྱས་ཆོག་པའི་འཐབ་ཇུས་གྲོགས་པོ་བཟང་བོ་བྱས་ཏེ། ཕན་ཚུན་ལ་འགྱུར་བ་མེད་པའི་འཐབ་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཚུན་ལ་ཨ་མེ་རི་ཁ་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཀྲུང་གོ་དང་ཨུ་རི་སིའི་ནང་ཁུལ་ལས་དོན་ཁྲོད་ཞུགས་ཚད་ཇེ་མང་ལ་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་བདག་དབང་བདེ་འཇགས་ལ་འཇིགས་སྣང་སྐུལ་བཞིན་ཡོད་པར་མ་ཟད། ཀྲུང་གོ་དང་ཨུ་རི་སིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་བཟོ་བཞིན་ཡོད། ཙུང་ཐུང་ཕུའུ་ཅིན་གྱིས་བསྟན་དོན། བྱེད་ཐབས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་དང་རང་ཕན་གཞན་གནོད་ཀྱི་བྱ་སྤྱོད་ཅིག་ཡིན་ཞེས་པར་ཀྲུང་གོའི་ཕྱོགས་ཡིད་འཐད་ཆེན་པོ་བྱུང་ཡོད། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་མི་ཐུབ་ལ། ཨུ་རི་སི་མི་དམངས་ལའང་དེ་བཞིན་དུ་ཕྱི་ཕྱོགས་ཐེ་གཏོགས་ཀྱིས་གནོད་པ་ཐེབས་མི་སྲིད་པར་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་འཕེལ་རྒྱས་བགྲོད་ལམ་བསྐྱོད་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཀྲུང་གོ་དང་ཨུ་རི་སི་ཡིས་མུ་མཐུད་དུ་འཐབ་ཇུས་བདེ་འཇགས་གྲོས་མོལ་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ཀྱི་སྟེག་བུ་འདི་གཉིས་བཀོལ་སྤྱོད་བཟང་བོ་བྱས་ཏེ། འཐབ་ཇུས་བདེ་འཇགས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འཐབ་ཇུས་ཡིད་ཆེས་ལ་སྐུལ་འདེད་གཏོང་བ། རང་ཉིད་ཀྱི་སྲོག་ཤིང་ཁེ་ཕན་དང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེ་འདོད་ཡོད་ཟེར།

ཕ་ཐི་ལུའུ་ཧྲིག་ཧྥུའུ་ཡིས་བསྟན་དོན། ཨུ་རི་སི་དང་ཀྲུང་གོ་གཉིས་ནི་འཐབ་ཇུས་ཀྱི་ནང་དོན་ལྡན་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པ་དང་། མིག་སྔར་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དེ་སྔར་མེད་ཀྱི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད། དེང་སྐབས་ཨ་མེ་རི་ཁས་སྤྱོད་པའི་སྲིད་ཇུས་རབ་དང་རིམ་པས་ཨུ་རི་སི་དང་ཀྲུང་གོའི་ཁེ་ཕན་ལ་གནོད་པ་བཟོ་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་མ་ལག་དང་སྒྲིག་ལམ་ལའང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་ཡོད། ཨུ་རི་སི་དང་ཀྲུང་གོ་གཉིས་ནི་གལ་ཆེ་བའི་རྒྱལ་སྤྱིའི་གནད་དོན་མང་པོའི་ཐད་ནས་ལྟ་ཚུལ་གཅིག་མཐུན་དང་ཡང་ན་གཅིག་འདྲ་ཡིན་པ་དང་། ཕྱོགས་གཉིས་ཀྱི་མུ་མཐུད་དུ་མཐུན་སྦྱོར་དམ་ཟབ་བྱེད་པ་དང་རྒྱལ་ཁབ་རང་རང་གི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་འཐབ་ཇུས་གཏན་འཇགས་ལ་སྲུང་སྐྱོང་བྱེད་པ། སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་བཅའ་ཁྲིམས་དང་དྲང་བདེན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་དང་ཀོ་ཧྲིན་ཁུང་། ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།