མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་གྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
2019.12.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་ཐེངས་དྲུག་པའི་གོ་སྐབས་དང་བསྟུན་ནས། ཞིང་ཆེན་སྲིད་གཞུང་གིས་རྩ་ཁྲིམས་གྱི་མདུན་ནས་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་ཞིང་། ཞིང་ཆེན་སྲིད་གཞུང་གིས་བསྐོ་འཇོག་བྱས་པའི་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བ་ང་གསུམ་གྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་བཞག ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་དམ་བཅའ་འཇོག་པའི་བྱ་བར་ལྟ་སྐུལ་བྱས་ནས་གཏམ་བཤད། 

དམ་བཅའ་བཞག་རྗེས་ལིག་ཉིང་གིས་བཤད་རྒྱུར། རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་ལས་སྒོ་ནི་ཁྲིམས་ཀྱིས་གཏན་འབེབས་བཟོས་པའི་མཛད་སྒོ་ཞིག་ཡིན་ལ། རྩ་ཁྲིམས་དབང་ཟིལ་མངོན་ཐབས་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པས། དེས་སྔོན་ཐོན་གྱི་རྩ་ཁྲིམས་རིག་གནས་དང་ཁྲིམས་སྐྱོང་དད་མོས་མཚོན་པར་མ་ཟད། ཆབ་སྲིད་དཔལ་ཡོན་གྱི་མངོན་སྟངས་གསོན་ཉམས་ལྡན་པ་ཞིག་ཀྱང་ཡིན་ཟེར། ལིས་ཅེ་ཞང་གིས་དམ་བཅའ་འཇོག་པའི་མཛད་སྒོར་འགོ་འཛིན་བྱེད་སྐབས་བླང་བྱ་བཏོན་ནས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུན་ཀུན་ཏུ་ཏང་དང་རྒྱལ་ཁབ། མི་དམངས་ལ་བློ་དཀར་དགོས་པ་དང་། མུ་མཐུད་དུ་ཁྲིམས་སྐྱོང་དགོངས་དོན་དར་སྤེལ་བྱས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་བརྩི་སྲུང་ནན་མོ་བྱེད་དགོས། ཤུགས་ཆེན་པོས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱས་ནས། རང་རྟོགས་ཀྱི་ལག་ལེན་ལ་བརྟེན་ནས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་ཏེ། རྩ་ཁྲིམས་ཀྱི་དབང་ཟིལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། རྩ་ཁྲིམས་ཀྱི་འོས་འགན་ལག་བསྟར་ནན་མོ་བྱས་མཐར། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར་འབད་འབུངས་ཧུར་བརྩོན་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཝང་ལིས་མེན། ཐེན་ཅིན་ཁྲིན། ལིག་ཐའོ་བཅས་མཛད་སྒོར་ཞུགས།