མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་བསྡུས།
2019.12.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་ད་ལོའི་ཞིང་ཆེན་ཡོངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས།  ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཟས་རིགས་སྨན་རྫས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐའོ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཟས་རིགས་སྨན་རྫས་བདེ་འཇགས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དམངས་ཚིས་གནད་དོན་གལ་ཆེན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་མི་དམངས་གཙོར་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཟས་རིགས་སྨན་རྫས་བདེ་འཇཇགས་སྐོར་གྱི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། ཁྲིམས་སྐྱོང་དང་ཡིད་རྟོན་གྱི་སྙིང་སྟོབས་ལ་བརྟེན་ནས། མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་གཙོར་འཛིན་པའི་སྤྱི་ཚོགས་བཅོས་སྐྱོང་ཁོར་ཡུག་བསྐྲུན་དགོས། དམིགས་འབེན་དང་གནད་དོན་ཁྲིད་ཕྱོགས་སུ་བྱས་ཏེ། དེའི་ཐད་གནས་པའི་འབུར་ཐོན་འགལ་རྩོད་ཐག་གཅོད་དགོས། འགན་འཁྲི་ལམ་ལུགས་སྦྲེལ་ཐག་ཏུ་བྱས་ནས། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ཐུན་མོང་ཚོགས་པ་འཛུགས་དགོས། ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱས་ཏེ། ལྟ་སྐུལ་དོ་དམ་བྱ་བའི་ཞན་ཆ་ཁ་གསབ་བྱེད་དགོས། ཏང་གི་འགོ་ཁྲིད་དང་མི་དམངས་དེའི་ཁྲོད་ཞུགས་པར་བརྟེན་ནས། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོ་འཛུགས་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཟས་རིགས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་གྲོས་གཞི་སློབ་སྦྱོང་དང་རྒྱུས་ལོན་བཟང་བོ་བྱེད་པ་དང་། ཟས་རིགས་བདེ་འཇགས་འགན་འཁྲི་ལམ་ལུགས་ཀྱི་གཏན་ཁེལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཟས་རིགས་སྨན་རྫས་བདེ་འཇགས་ཐད་ཀྱི་ཉེན་ཁ་ཐག་གཅོད་པ། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་མཐོར་འདེགས་གཏོང་བ། ཟས་རིགས་སྨན་རྫས་བདེ་འཇགས་ཀྱི་འགོག་ར་བརྟན་སྲུང་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། སེམས་བདེ་མོས་སྨན་རྫས་སྤྱོད་ཐུབ་པར་བྱེད་དགོས་ཟེར།