ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།
2019.12.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

བརྡ་ཐོ་ལས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དཀའ་ཁག་ཆེ་བའི་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་དམངས་ཚིས་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས། འབྱོར་འབྲིང་ལམ་དུ་གཅིག་ཀྱང་བསྐྱུར་མི་ཆོག་པའི་རེ་བ་ལྟར། སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོད་ཁོལ་དེ་དཀའ་ཁག་ཆེ་བའི་མང་ཚོགས་ལ་མྱོང་དུ་འཇུག་དགོས།

ཚོང་རའི་འདོན་སྤྲོད་འགན་སྲུང་བྱས་ཏེ་མང་ཚོགས་ཀྱི་དུས་ཆེན་སྐབས་ཀྱི་འཛད་སྤྱོད་དགོས་མཁོ་ཡོངས་སུ་སྐོང་དགོས། རྡོ་སོལ་དང་གློག བཟའ་སྣུམ། སོལ་རླངས་སོགས་ཀྱི་འདོན་སྤྲོད་ལྟ་ཞིབ་ཚད་ལེན་དང་མཐུན་སྦྱོར་འགན་སྲུང་ལ་ཤུགས་སྣོན་པ་དང་། ཕག་ཤ་སོགས་ཞིང་ཐོན་དངོས་རྫས་ཐོན་སྐྱེད་དང་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་དགོས་ལ། གྲོང་གསེབ་སྡོད་དམངས་ཀྱི་ཚོད་སླེ་ཐོན་སྐྱེད་དགོས་མཁོ་འགན་སྲུང་བྱེད་པ་དང་རིན་གོང་འཕར་བ་གཏན་འགོག་བྱེད་པར་ཡིད་འཇོག་བྱེད་དགོས།

སྤྱི་ཐུན་བདེ་འཇགས་བཅོས་སྐྱོང་ལ་ཤུགས་བསྣན་ནས་དོན་རྐྱེན་ཚབས་ཆེན་འབྱུང་བ་གཏན་འགོག་བྱེད་དགོས། གཏེར་ཁུངས་དང་མེ་གསོད། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་སྐྲུན་ཨར་ལས། གྲོང་ཁྱེར་གྱི་སོལ་རླངས། ཤོག་སྦག་ལས་པ་སོགས་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དག་ཐེར་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ཞིང་རྣམ་པ་རྒྱ་ཆེ་བའི་བྱ་འགུལ་གྱི་ཞིབ་བཤེར་ཆོག་མཆན་འགོད་པར་གཟབ་ནན་བྱེད་པ་དང་གནས་སྐོར་ཡུལ་ལྗོངས་ཀྱི་བདེ་འཇགས་དོ་དམ་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།