མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚན་བགོས་གྲོས་ཚོགས་དང་ཀྲུའུ་རིན་གྲོས་ཚོགས། ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བཅས་བསྡུས།
2019.12.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚན་བགོས་གྲོས་ཚོགས་དང་ཀྲུའུ་རིན་གྲོས་ཚོགས། ཨུ་ཡོན་ཚང་འཛོམས་གྲོས་ཚོགས་བཅས་བསྡུས། ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་གྱིས་གཏམ་བཤད།

གྲོས་ཚོགས་ལས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་ལས་གཞན། གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་ཞིབ་འཇུག་དང་གྲོས་བསྡུར་བྱས། དེ་མིན་ད་དུང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་བཅུ་དགུ་ལོའི་ལས་དོན་སྤེལ་བའི་གནས་ཚུལ་དང་། ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་འཆར་གཞི་བསྒྲགས།

མཱ་ཧེ་དབྱིན་གྱིས་ནན་གྱིས་བསྟན་དོན། བསམ་བློའི་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བའི་བསམ་འདུན་གསོ་སྐྱོང་ཡག་པོ་བྱེད་དགོས། བརྒྱུད་རིམ་ལྡན་ཞིང་རྒྱུན་ཆད་མེད་ལ་དོན་དངོས་དང་ཟུང་འབྲེལ་གྱི་སྒོ་ནས། ཏང་གི་རིག་པའི་གཞུང་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་རིག་པའི་གཞུང་ལུགས། སྲིད་གྲོས་ཀྱི་ཤེས་བྱ། མི་རིགས་ཆོས་ལུགས་སྲིད་ཇུས་སོགས་ཕྱོགས་གང་ཅིའི་ཐད་སློབ་སྦྱོང་བྱ་རྒྱུར་ཤུགས་བསྣན་ནས། ཇུས་འདོན་སྲིད་རྟོགས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས་པ་དང་། འགན་འཁྲི་དང་འོས་འགན་ཡིད་ལ་དམ་པོར་ངེས་སུ་བཅུག་ནས། ཁ་མིན་དོན་གྱིས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་དང་ཆུ་ཚད་ཆེ་རུ་གཏོང་དགོས།  སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག གསོ་སྦྱོང་སོགས་ཀྱི་ཐད་ནས་ཨུ་ཡོན་ལ་ཚད་འབེབས་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སང་ལོའི་གཙོ་གནད་བྱ་བ་དམ་འཛིན་ཡག་པོ་བྱས་ནས། འཐབ་གནས་དང་པོ་བཞིའི་བླང་བྱ་དོན་འཁྱོལ་ཏན་ཏིག་བྱས་ཏེ། འཐབ་གནས་དང་པོའི་བསམ་བློ་དང་འཐབ་གནས་དང་པོའི་སྙིང་སྟོབས། འཐབ་གནས་དང་པོའི་ངར་ཤུགས་བཅས་རང་རྒྱུད་ལ་བཅངས་ནས་ལས་དོན་ནང་ཞུགས་ཏེ། འཇུག་སྒོ་གནད་འཁེལ་འཚོལ་བ་དང་སྤུས་ཚད་མཐོ་བའི་ཇུས་འདོན་བྱས་ནས། ལས་དོན་ཁག་གི་སྤུས་ཚད་མཐོར་འདེགས་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་ཙུའུ་ཡི་འགོ་ཁྲིད་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཏང་གི་འགོ་ཁྲིད་ཀྱིས་ལས་ཀའི་ཕྱོགས་སོ་སོར་ཁེབས་པར་བྱས་ཏེ། ཏང་ཙུའུ་ཡིས་ལས་རིམ་རེ་རེར་ཇུས་འགོད་ཡག་པོ་དང་ཞིབ་འཇུག་ཡག་པོ། བཀོད་སྒྲིག་ཡག་པོ་བཅས་བྱེད་རྒྱུ་དང་། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་ འཁྱོངས་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། སྲིད་གྲོས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་གྲོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་མཐར། མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བརྩོན་ལེན་བྱེད་དགོས་ཟེར།