ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས།
2019.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས།

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟི་ལིང་ནས་བསྡུས། ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་པར་མ་ཟད། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། ད་ལོའི་བྱ་བར་སྤྱི་སྡོམ་དང་མིག་སྔའི་གནས་བབ་ལ་དབྱེ་ཞིབ། སང་ལོའི་བྱ་བར་བཀོད་སྒྲིག་བཅས་བྱས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་སྙན་ཞུ་ཕུལ་བར་མ་ཟད། སང་ལོའི་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་ཁག་བཟང་བོར་བསྒྲུབ་པའི་ཐད་ནས་བླང་བྱ་མངོན་གསལ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་བར་སྤྱི་སྡོམ་བྱས་པར་མ་ཟད། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཞའོ་དང་མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ལིས་ཅེ་ཞང་། ཡན་ཅིན་ཧེ། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་། དབྱིན་པད་བཅས་ཚོགས་འདུར་ཞུགས།

ཚང་འཛོམས་གྲོས་ཚོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་རབ་དང་རིམ་པའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ནས། གནས་བབ་ཀྱི་འགྱུར་ལྡོག་ཁོང་དུ་ཆུད་པར་བྱེད་རྒྱུ་དང་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱེད་པ། འཐབ་ཇུས་ཇུས་འདོན་ལ་ཤུགས་སྣོན་པ། དཀའ་ངལ་ཁྱད་གསོད་བྱེད་ཕོད་པ་བཅས་ཀྱི་རྣམ་པའི་ཐོག་ནས། རྒྱ་ཆེ་བའི་ཏང་ཡོན་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། ཉེན་ཁ་དང་འགྲན་སློང་མངོན་གསལ་ཇེ་མང་དུ་སོང་བའི་རྙོག་འཛིང་གི་གནས་བབ་ལ་ཁ་གཏད་ནུས་ལྡན་འཇལ་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསའཕེལ་ཕྱོགས་ཆེན་པོ་ལ་ལྟ་བ་དང་དོན་དག་གལ་ཆེན་སྒྲུབ་པར་འཆར་འགོད་བྱས་པ་དང་། དོན་དངོས་དམ་འཛིན་བཅས་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ། ཤུགས་ཆེན་པོས་མཁྲེགས་གཏོར་ཆེན་པོ་གསུམ་བཟང་བོར་བསྒྲུབས་པ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་ཕྱོགས་ཡོངས་ནས་སྤེལ་འགོ་བརྩམས་པ། མཁར་གྲོང་ཅན་གསར་བའི་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་བ། སྒོ་འབྱེད་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པོའི་གནད་དོན་གཅིག་སྡུད་བཅོས་སྒྲིག་བཅས་བྱས་ཏེ། དོན་ཆེན་སྒྲུབ་པར་འཆར་འགོད་འཐེན་པ་དང་དོན་ཆེན་ལ་དམ་འཛིན་བྱེད་པ། དོན་ཆེན་འགྲུབ་པ་བཅས་ཀྱི་ཁྲོད་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ལ་སྐུལ་སློང་ཆེན་པོ་བྱས་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཡོངས་ཀྱི་གནས་ཚུལ་ལ་སྤྱི་འདོམས་བྱེད་པ་དང་ཕྱོགས་ཁག་མཐུན་སྦྱོར་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་བཏང་བ། མི་དམངས་མང་ཚོགས་ལ་སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་བཏང་བ། བསམ་བློ་རིག་གནས་དྲིལ་སྒྲོག་གི་ལས་དོན་བཟང་བོར་བསྒྲུབས་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ། རང་སྟེང་གི་འཛུགས་སྐྲུན་ལ་མཐོང་ཆེན་བཅས་བྱས་པར་བརྟེན། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལ་ཕྱིར་ལྟ་དང་སྤྱི་སྡོམ་བྱས། ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ད་ལོར། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱེད་པའི་གཞི་རྩའི་དགོངས་གཞི་རྒྱུན་འཁྱོངས་བྱས་ལ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར། སྲ་བརྟན་དང་མཐོར་འདེགས། ཇེ་དྲག་ཏུ་གཏོང་བ། ལྷུག་གཏོང་བཅས་འགྲུབ་པར་སྟོབས་ཤུགས་གཅིག་སྒྲིལ་བྱས་པ། ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བཅས་བྱས་ཡོད། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། འགྲན་སློང་ལ་ཁ་གཏད་འཇལ་བའི་ཁྲོད་ནས་བརྟན་འཕེལ་ཡོང་བར་བྱས་པ་དང་། ཉེན་ཁ་སེལ་བའི་ཁྲོད་ནས་བརྟན་པོ་ཡོང་བར་བརྩོན་ལེན་བྱས་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་བརླིང་སྒོས་གོང་འཕེལ་འབྱུང་བར་བྱས་པས། གྲངས་འབོར་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གིས་སང་ལོར་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་ལེན་བྱེད་པ། གཙོ་གནད་དམ་འཛིན་དང་ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་ལ་དམིགས་པ། མཁྲེགས་གཏོར་ཆེན་པོ་གསུམ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་རྒྱུའི་བཞེད་དགོངས་མངོན་གསལ་བཏོན་ཡོད། འདི་དག་ཚང་མ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་འབྲེལ་བ་ཡོད་པའི་དོན་ཆེན་གལ་འགངས་ཆེ་ཤོས་ཡིན་པས། ང་ཚོས་ཀྱང་ངེས་པར་དུ་རང་འགུལ་ངང་ཏང་ཀྲུང་དབྱང་གི་བླང་བྱ་དམིགས་ཚད་དུ་འཛིན་པ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་རྣམ་པ་གསར་བ་བཏོད་ཐུབ་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སང་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་ལོ་རྒྱུས་མཚམས་ཚིགས་གལ་ཆེན་ཞིག་ཀྱང་ཡིན། དོན་དངོས་དང་མཐུན་ཞིང་། ཁྱོན་ཡོངས་དང་རྩོད་སྒྲུབ། ཧུར་བརྩོན་བཅས་ཀྱི་སྒོ་ནས་མིག་སྔའི་གནས་བབ་ལ་བརྡར་ཤ་གཅོད་པ་དང་། ད་ཡོད་ཀྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ལས་ཀའི་གཙོ་གནད་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པའི་ཐོག་བཞག་སྟེ། གོ་སྐབས་དང་འགྲན་སློང་ལ་ཕྱོགས་ཡོངས་ནས་ལྟ་སྟངས་ཡང་དག་འཛིན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁག་ལག་བསྟར་གཏིང་ཟབ་བྱེད་པ། ལས་ཀའི་རང་འགུལ་དབང་ཆ་དམ་འཛིན་ནན་པོ་བཅས་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་ཡོངས་ཀྱི་ལས་དོན་ལ་སྤྱིའི་བླང་བྱ་བཏོན་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་དང་། དེ་བཞིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། བརྟན་བརླིང་གོང་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱ་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། མཁྲེགས་གཏོར་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། བརྟན་འཇགས་དྲུག་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། དམང་ཚིས་ལ་རྒྱུན་མཐུད་སྒོས་འགན་ལེན་དང་དེ་ཇེ་ལེགས་སུ་གཏོང་བ། ས་གནས་ཀྱི་བཅོས་སྐྱོང་ཕན་ནུས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་མུ་མཐུད་ཤུགས་སྣོན་པ་བཅས་བྱེད་དགོས། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བདེ་ལེགས་ངང་མཇུག་བསྡུ་བར་འགན་ལེན་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། སང་ལོར་བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཆེད་རྨང་གཞི་ཡག་པོ་འདིང་དགོས་པས། དེ་ནི་རྒྱལ་ཁ་ལེན་ཐུབ་མིན་ལ་ཕུ་ཐག་གཅོད་པའི་དུས་མཚམས་ཡིན་ལ་མཁྲེགས་གཏོར་དུས་སྐབས་ཀྱང་ཡིན་པས། སྤྱི་ཡོངས་ཀྱི་བླང་བྱར་དམིགས་ནས་གཙོ་གནད་ལས་དོན་ཁག་བཅུ་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་ཡག་པོ་བྱེད་པ་དང་། སློབ་སྦྱོང་དྲིལ་བསྒྲགས་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ཞིབ་འཇུག་ཚུལ་སྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ལག་བསྟར་དོན་འཁྱོལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ། སང་ལོར་ཞིང་ཆེན་ཏང་ཨུས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པའི་འཛུགས་སྐྱོང་ལ་ཆེད་དོན་བཀོད་སྒྲིག་བྱས་ནས། ས་གནས་བཅོས་སྐྱོང་གི་ཕན་ནུས་ཇེ་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱུ་དང་། གཉིས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་ཡག་པོ་བྱས་ཏེ། ངོས་འཛིན་ཐད་སླར་ཡང་ཤུགས་སྣོན་པ་དང་། བྱ་སྤྱོད་ཐད་སླར་ཡང་ཚད་གཞི་དང་བསྡུར་བ། དོན་འཁྱོལ་ཐད་སླར་ཡང་ཤུགས་སྣོན་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འཕེལ་རྒྱས་དོ་སྙོམས་མིན་པ་དང་ཕུན་སུམ་མི་ཚོགས་པའི་གནད་དོན་ཐག་གཅོད་བྱེད་པ། གསར་གཏོད་ལ་བརྩི་མཐོང་དང་། མཐུན་སྦྱོར་ལ་མཐོང་ཆེན། ལྗང་མདོག་དར་སྤེལ། སྒོ་དབྱེ་ཟབ་འཛུགས། མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་མཚོ་སྔོན་དུ་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོབ་པར་བྱེད་དགོས། གསུམ་ནི་མཁྲེགས་གཏོར་ཆེན་པོ་གསུམ་ལ་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། དམིགས་འབེན་ལ་དམ་པོར་དམིགས་པ། འབད་འཐབ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་དགོས་པ་དང་། ངེས་པར་དུ་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་དགོས་པ། ངེས་པར་དུ་དངུལ་རྩའི་ཉེན་ཁ་ཚབས་ཆེན་མི་འབྱུང་བའི་མཐའ་ཚད་བརྟན་སྲུང་བྱས་ནས། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་འགན་ལེན་བྱེད་དགོས། བཞི་ནས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བ་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། སྲ་བརྟན་དང་འཕར་སྣོན། མཐོར་འདེགས། ལྷུག་གཏོང་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་། སྒུལ་ནུས་ཚུལ་བཞིན་སྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྒོ་འབྱེད་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་རྒྱུ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་གྱིས་བསྐྲུན་ནས་བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཡག་པོ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་མཛུབ་སྟོན་དུ་འཛིན་རྒྱུ་དང་། གོམ་སྟབས་ཆེན་པོ་གསུམ་གྱི་དམིགས་ཚད་གཞིར་བཟུང་ནས་སྤྱི་ཡོངས་ལ་ཇུས་འགོད་ཡག་པོ་བྱེད་པ་དང་། གོ་རིམ་ལྡན་པ་དང་ནུས་ལྡན་ངང་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ཇུས་འདོན་དོན་འཁྱོལ་དམ་འཛིན་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འབྲེལ་བའི་མཚོ་སྔོན་གྱི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། དྲུག་ནས་ས་ཁོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་ལ་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་དགོས། བདུན་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་དམིགས་ཚད་ལེགས་སྒྲུབ་ཡག་པོ་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤུས་ཚད་མཐོན་པོའི་སྒོ་ནས་ཇུས་འགོད་བྱེད་པ་དང་། ཞིབ་འཇུག་གཏིང་ཟབ་དང་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་རྒྱུར་མཐོང་ཆེན་བྱེད་པ། འབྱུང་འགྱུར་གྱི་ལོ་ལྔའི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཡུན་སྐྱོང་བདེ་འགོད་ཀྱི་ལས་གཞི་གལ་ཆེན་ལ་འཆར་འགོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས། མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོའི་ནང་མཉམ་འདྲེས་ཡོང་བར་བྱེད་དགོས། བརྒྱད་ནས་དམངས་ཚིས་བཟོ་སྐྲུན་ཁག་ལག་བསྟར་ཡག་པོ་བྱེད་པ་དང་། སྲིད་གཞུང་གིས་གཞི་རྩའི་འགན་ལེན་བྱེད་པའི་ནུས་པ་དང་ཁྲོམ་རའི་མཁོ་སྤྲོད་སྟབས་བསྟུན་རང་བཞིན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། གཞི་རྩའི་སྤྱི་ཐུན་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། དམངས་ཚིས་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་དང་ཕྱི་ནང་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། རིམ་པ་མང་བ་དང་སྣ་མང་ཅན་གྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། དགུ་ནས་སྤྱི་ཚོགས་བརྟན་འཇགས་ཀྱི་ཁྱོན་ཡོངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་བཅས་ཀྱི་ཐོག་ནས། བརྟན་འཇགས་དང་འཆམ་མཐུན་གྱི་འཕེལ་རྒྱས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་དགོས། བཅུ་ནི་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་འདྲེས་པར་བྱེད་པ་དང་། རིག་གནས་དར་སྤེལ་དང་ཁོར་ཡུག་བསྐྲུན་པ། བྱང་ཚད་མཐོར་འདེགས། སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་འཚར་ལོངས་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་འདུ་ཤེས་དང་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། དགོས་མཁོ་དང་སྒྲུབ་ཐུབ་ཚོད་གཉིས་ཀར་ལྟ་རྟོག་བྱེད་པ། འཕེལ་རྒྱས་དང་སྲུང་སྐྱོབ་ལ་སྤྱི་འདོམས་བྱེད་པ། ཆོས་ཉིད་དང་སྔོན་དཔག་ཁོང་དུ་ཆུད་པར་བྱེད་པ། གསར་གཏོད་དང་དོན་འཁྱོལ་ལ་མཐོང་ཆེན་བྱེད་པ། ཉེན་ཁ་དང་གོ་སྐབས་ལ་ཁ་གཏད་འཇལ་བ། དངོས་སྒྲུབ་ནུས་ཆེའི་སྤྱོད་ཚུལ་ལ་བརྟེན་ནས། ཕྱོགས་བརྒྱད་ཐད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གཅིག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་སྐོར་གྱི་མི་འདང་ས་གང་མགྱོགས་ངང་གསབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཕུན་སུམ་ཚོགས་པོའི་ངང་མཇུག་སྒྲིལ་བ་བཅས་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་དགོས། གཉིས་ནས་དབུལ་ཐར་དང་འབག་བཙོག་འགོག་བཅོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་བཅས་ཀྱི་་མཁྲེགས་གཏོར་ཆེན་པོ་གསུམ་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་དགོས།  གསུམ་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་། ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན། མཐོ་སྒང་གི་མཛེས་པའི་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཆེན། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བཅས་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། བཞི་ནས་དཔལ་འབྱོར་སྒྲིག་གཞིའི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འཁོར་རྒྱུག་དཔལ་འབྱོར་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་བ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པ། མྱུར་འཕེལ་ཁུལ་གྱི་དཔལ་འབྱོར་མཐུན་སྦྱོར་མཉམ་སྐྲུན་བཅས་བྱེད་དགོས། ལྔ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་གང་ལེགས་བྱེད་པ། རྨ་ཆུའི་བཞུར་རྒྱུན་ན་ཡོད་པའི་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གླིང་སྣེའི་ས་ཁུལ་གྱི་མཚོ་སྔོན་སྲུང་སྐྱོབ་ཀྱི་ལས་དོན་ཧུར་ཐག་གིས་བསྒྲུབ་དགོས། དྲུག་ནི་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་དེའི་ཕན་འབྲས་ཇེ་ཆེར་གཏོང་བ། ཕན་ནུས་ལྡན་པའི་དངུལ་གཏོང་གི་ཚད་ཇེ་མཐོར་གཏོང་བ། འཛད་སྤྱོད་ཀྱི་ཤོང་རྒྱ་ཆེ་རུ་གཏོང་བ་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཀྱི་ཚོང་དོན་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བདུན་ནས་བཅོས་སྒྱུར་སྒོ་འབྱེད་ཀྱི་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། ཁྱབ་ཁོངས་གཙོ་བོའི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྒོ་འབྱེད་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ། ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བྱེད་དགོས། བརྒྱད་ནི་དམངས་ཚིས་འགན་ལེན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་བསྒྲུབ་ནས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབ་པ། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་གསར་གཏོད་བྱེད་དགོས་པ་བཅས་ཡིན་ཟེར།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དུས་ནམ་ཡང་་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱས་ཏེ། རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཀོལ་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།

ཚང་འཛོམས་གྲོས་ཚོགས་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོས་འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། བྱ་བ་ནན་སྒྲུབ་དང་དཀའ་སྤྱད་ཡར་བརྩོན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པར་ཁག་ཐེག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པའི་འབོད་སྐུལ་བཏང་།