མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོ་ཏང་ཁག་གི་འབྲེལ་ཡོད་མི་སྣའི་བློ་འདོན་སྲིད་སྐྱོང་གི་བཞུགས་མོལ་ཚོགས་འདུ་བསྡུས།
2019.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོ་ཏང་ཁག་གི་འབྲེལ་ཡོད་མི་སྣའི་བློ་འདོན་སྲིད་སྐྱོང་གི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ། བཞི་བ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་པར་མ་ཟད། ད་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་རིམ་པའི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མིར་སང་ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་བསམ་འཆར་བསྡུ་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་དཔལ་འབྱོར་བྱ་བའི་བསམ་ཚུལ་ཞིབ་རྒྱས་མཚམས་སྦྱོར་བྱས། ཞིང་ཆེན་གྱི་འགོ་ཁྲིད་རྡོ་རྗེ་རབ་བརྟན་དང་མགོན་པོ་བཀྲ་ཤིས། ཡུས་ཚུང་ལི། མཱ་ཝེ། ལིག་ཐའོ་བཅས་ཚོགས་འདུར་ཞུགས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཆིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀྲིག་ཕིང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་མཐུན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཅན་མེན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཆིན། ཞིང་ཆེན་ཏང་ཕྱི་ཤེས་ལྡན་མི་སྣའི་མཛའ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཨི་ཁྲུང་རོང་བཅས་ཀྱིས་སྔ་གཞུག་བྱས་ཏེ་གཏམ་བཤད། ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་དག་བྱས་ཏེ། སང་ལོའི་དཔལ་འབྱོར་བྱ་བའི་སྐོར་གྱི་བསམ་ཚུལ་ལ་མོས་མཐུན་བྱས་པར་མ་ཟད། བསམ་བློའི་འདུ་ཤེས་དང་འཕེལ་རྒྱས་ཀྱི་འགག་རྩ། དཔལ་འབྱོར་གྱི་འཕེལ་རྣམ། དམངས་གཉེར་དཔལ་འབྱོར། ཐོན་ལས་འཕེལ་རྒྱས། ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་སྐོར་ནས་བསམ་འཆར་དོན་ལ་གནས་པ་བཏོན།

ཝང་ཅན་ཅུན་གྱིས་ཀུན་གྱི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས་བཤད་རྒྱུར། ཚང་མས་གཏམ་བཤད་ལ་གྲ་སྒྲིག་གང་ལེགས་དང་བསམ་གཞིགས་གཏིང་ཟབ་བཏང་ནས། མཐོང་ཐོས་མང་དུ་བསགས་པ་དང་བརྩེ་དུང་ཟོལ་མེད་བསྟན་པས། གནད་འདིའི་ཐོག་ནས་བལྟས་ན་མཚོ་སྔོན་གྱི་བདེ་སྡུག་གླེང་བ་དང་མཚོ་སྔོན་གྱི་ལས་དོན་སྒྲུབ་པ། མཚོ་སྔོན་འཕེལ་རྒྱས་དོན་གཉེར་བྱེད་པར་ཡོད་ཚད་འབུལ་ཐུབ་པ་བཅས་ཀྱི་བརྩེ་སེམས་ཟོལ་མེད་མཚོན་པར་མ་ཟད། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྲིད་ཞུགས་སྲིད་གླེང་བྱེད་པའི་ཆབ་སྲིད་ཀྱི་འགན་ཁུར་བའི་བསམ་པ་ཅིག་ཅར་མཚོན་ཡོད། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྩི་འཇོག་གང་ལེགས་དང་ཞིབ་འཇུག་ནན་ཏན། སྙིང་བསྡུ་དང་ལེན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་དོན་འཆར་འགོད་དང་དེར་སྐུལ་འདེད་གཏོང་བའི་ལས་རིམ་ཁྲོད་དུས་ཐོག་ཏུ་བེད་སྤྱོད་བྱེད་ཀྱིན་ཡོད་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཐོག  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐད་བཀོད་སྒྲིག་གང་ལེགས་བྱས་ཡོད་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་གཙོ་བོ་ལ་དམ་པོར་དམིགས་ནས། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བསམ་བློའི་འདུ་ཤེས་བསྒྱུར་བ་དང་བསམ་བློ་བཅིངས་འགྲོལ་དང་ལྟ་བ་གསར་སྒྱུར་བྱེད་དགོས་ན། ཐོག་མར་བསམ་བློ་དང་འདུ་ཤེས་ཡོད་དགོས་ཤིང་། གོ་ཆོད་པ་དང་དོན་འཁྱོལ་ཐུབ་པ་བྱེད་དགོས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཡུན་གྱི། འཕེལ་རྒྱས་ཀྱི་ལོ་རྒྱུས་རྟ་ཟམ་རིང་མོའི་ཁྲོད་དུ་ཉམས་མྱོང་རྩ་ཆེན་གང་ཇི་སྙེད་ཅིག་བསགས་ཡོད། ཉམས་མྱོང་དེ་དག་ནི་བསམ་བློ་དང་འདུ་ཤེས་ལ་དྭངས་སྙིགས་ཕྱེས་པ་ཞིག་ཡིན་པས། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་ཡོད་པའི་བསམ་བློ་དང་འདུ་ཤེས་དེ་དག་དུས་རབས་གསར་པར་རྒྱུན་འཛིན་འཕེལ་རྒྱས་དང་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས། ཚོད་འཛིན་གྱི་འགག་རྩ་སེལ་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ། དཔེ་སྟོན་ལྔའི་ཞིང་ཆེན་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དཔལ་འབྱོར་གྱི་རྣམ་པ་བཞི་གཏོད་པའི་ཁྲོད་མཚོ་སྔོན་གྱི་ཐོན་ཁུངས་དང་མ་རྩ། རྒྱུ་ནོར། མ་དངུལ། ངལ་རྩོལ་ནུས་ཤུགས་བཅས་ཀྱི་མདུན་ལམ་ཡངས་པོར་ཕྱེས་ཏེ། མཚོ་སྔོན་གྱིས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་བ་ཞིག་གཏོད་ཐུབ་དགོས། དངུལ་རྩའི་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། དངུལ་རྩ་ནི་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པ་དང་། དངུལ་རྩའི་སྲོག་ཤིང་ནི་ཆ་འཕྲིན་དང་ཡིད་རྟོན། ཡིད་ཆེས་བཅས་ཡིན། སྲིད་གཞུང་དང་ཚོང་རའི་བྱེད་པོས་ཆ་འཕྲིན་ཆ་འགྲིག་དང་ཡིད་རྟོན་བླ་ན་མེད་པ། ཡིད་ཆེས་བརྒྱ་འགྱུར་བཅས་བྱེད་དགོས་པ་དང་། ཉེན་ཁ་དང་འགལ་ཟླ་དང་འགྲན་སློང་ལ་བསུ་བ་དང་འདུམ་ཐབས་བྱེད་སྐབས། འགྱུར་ལྡོག་གཏོང་བ་དང་བརྟན་འཇགས་ཡོང་བར་བྱེད་པ། བརྟན་ཐོག་ཡར་བརྩོན་བཅས་བྱེད་དགོས། དཔལ་འབྱོར་གྱི་རྣམ་པར་ཞིབ་འཇུག་གནད་ཐིངས་བྱེད་དགོས། དཔལ་འབྱོར་གྱི་རྣམ་པ་བཞི་ནི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གདམ་ག་ཞིག་ཡིན་ཞིང་། དཔལ་འབྱོར་གྱི་རྣམ་པར་ཞིབ་འཇུག་བྱེད་པར་ངེས་པར་དུ་དཔལ་འབྱོར་ལས་དོན་གྱི་མཁོ་སྤྲོད་དང་རིན་ཐང་། འགྲན་རྩོད་བཅས་ཀྱི་ཆོས་ཉིད་ཆེན་པོ་གསུམ་ལ་བརྩི་འཇོག་བྱེད་དགོས་ལ། དཔལ་འབྱོར་གྱི་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་དང་དུས་མཚམས་གང་དུ་བྱ་བ་སྒྲུབ་པ། ཆེད་ལས་མི་སྣར་ཆེད་ལས་གཉེར་དུ་འཇུག་པ་བཅས་བྱེད་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ནས་གདན་དྲངས་པའི་ཤེས་ལྡན་མི་སྣ་ཡིན་ནའང་འདྲ། ཡང་ན་ས་གནས་དེ་གའི་ཤེས་ལྡན་མི་སྣ་ཡིན་ནའང་འདྲ། གང་ལྟར་ཀྱང་མདོ་དོན་བཤད་ན་ཚང་མ་མཚོ་སྔོན་གྱི་ད་ཡོད་ཤེས་ལྡན་མི་སྣ་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་སོ་སོའི་བློ་གྲོས་ལ་བརྟེན་ནས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཤེས་ལྡན་མི་སྣ་བསྡུ་ལེན་བྱས་པར་མ་ཟད། ཁོར་ཡུག་བཟང་བོ་རྒྱུན་ཆད་མེད་པར་བཏོད་ནས། ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་མཚོ་སྔོན་ལ་ལེགས་སྐྱེས་འབུལ་མཁན་གྱི་རིགས་སོ་སོའི་ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་པའི་ཚོར་སྣང་སྦྱིན་གྱི་ཡོད། ཐོན་ལས་གྲུབ་ཚུལ་ལེགས་བཅོས་གཏོང་དགོས། གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྟག་བརྟན་གྱི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ད་ཆ་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ལྷག་པར་དུ་འཐབ་ཇུས་ཀྱི་གཏད་ཤུགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། སྲ་བརྟན་དང་ཇེ་དྲག་ཏུ་གཏོང་བ། མཐོར་འདེགས་གཏོང་བ། ལྷུག་གཏོང་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཚུལ་སྒྱུར་འཕེལ་རྒྱས་ཐད་གནད་སྨིན་ཤུགས་འདོན་བྱེད་དགོས་པ་ལས་གཞན། ཟམ་མ་ཆད་པའི་ངང་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དམངས་གཙོའི་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་བློའི་ཐོག་མཐོང་ཆེན་དང་བརྩེ་དུང་ཐད་བརྩི་འཇོག་བྱས་ཏེ། ཚང་མས་སྔར་སྲོལ་བཞིན་སྤྱི་ཡོངས་ལ་དམིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་ཞབས་ཞུ་ལྟེ་བ་བྱས་ཏེ་་གྲོས་འགོ་འདོན་པ། རང་ངོས་ནས་གཞི་ཚུགས་པར་བྱེད་པ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་མཐར། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྟོབས་ཤུགས་གང་ཡོད་ལེགས་སྐྱེས་གང་བཟང་འབུལ་དགོས་ཟེར།