ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་གཏམ་བཤད།
2020.01.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དང་པོའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། ཁྱོན་ཡོངས་ནས་ཀྲུང་དབྱང་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་དོན་འཁྱོལ་བྱས་ཏེ། སྔོན་ཐོན་ལ་གཟེངས་བསྟོད་དང་ཉམས་མྱོང་བརྗེ་རེས། བྱ་བར་བཀོད་སྒྲིག་བཅས་བྱས། ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཝང་ཅན་ཅུན་གྱིས་གཏམ་བཤད་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་འབྲེལ་བསམ་པའི་དཔལ་ཡོན་འཐབ་ཕྱོགས་ཐོག་ལས་ཀ་བྱེད་མཁན་གྱི་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་ཡང་ཡང་བྱས།  ཁོས་བསྟན་དོན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་ཡིན་པས་དྲིལ་བསྒྲགས་བསམ་བློའི་ལས་དོན་སྐོར་གྱི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཚོགས་མ་ཐག་པའི་རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རབས་གསར་བའི་མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། རིག་པའི་གཞུང་ལུགས་གསར་གཏོད་ཀྱིས་མིའི་བསམ་བློར་དྲག་ཆས་སྤྲས་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ། མི་དམངས་ལ་སློབ་གསོ་གཏོང་བ། ལས་ཀར་ཁྲིད་སྟོན་བཅས་བྱེད་དགོས། སྲོག་ཤིང་རིན་ཐང་གིས་མིའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་གང་སར་ཁྱབ་པར་བྱས་ནས། མི་རྣམས་ཀྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་གཞི་རྩའི་བསྲུང་བྱ་ཞིག་ཏུ་འགྱུར་བར་བྱེད་དགོས། བླ་ན་མེད་པའི་སྙིང་སྟོབས་ལ་བརྟེན་ནས་མི་རྣམས་ལ་སྐུལ་ལྕག་བཏང་སྟེ་རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་བཅོས་སྒྱུར་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། མཐོ་སར་འཛེགས་ནས་རྒྱང་རིང་ལ་ལྟ་བ་དང་རང་ལ་ཡིད་ཆེས་ཀྱིས་སྒོ་དབྱེ་བྱེད་པ། མཐུན་སྒྲིལ་ངང་ལེགས་སྐྱེས་འབུལ་བ། འབད་འཐབ་ལྷོད་མེད་བྱེད་པ་བཅས་ཀྱི་མཚོ་སྔོན་གསར་བའི་སྙིང་སྟོབས་ལག་ལེན་ཧུར་ཐག་བྱེད་དགོས། སྔོན་ཐོན་རིག་གནས་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་རྒྱུ་དང་། དེང་རབས་ཅན་ལ་ཁ་ཕྱོགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ། མི་རིགས་ལ་ཁ་ཕྱོགས་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་དང་སྤྱི་དམངས་ཀྱི་ཀུན་སྤྱོད་བཅོས་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དཔལ་ཡོན་ཆེས་ཆེར་དར་བར་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། དུས་རབས་ཀྱི་དཔེ་མཚོན་ཅན་དཔེ་སྟོན་པར་བརྟེན་ནས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་འགན་འཁྲིའི་འདུ་ཤེས་དང་ཁ་དན་དོན་ གནས་ཀྱི་འདུ་ཤེས། ལེགས་སྐྱེས་འབུལ་བའི་འདུ་ཤེས་བཅས་སྔར་ལས་ཇེ་ཟབ་ཏུ་བཏང་མཐར། མཚོ་སྔོན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལས་གཞིའི་ངོ་མཚར་ལེའུ་རྩོམ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་ཏང་ཨུའི་གཅིག་གྱུར་འགོ་ཁྲིད་ལ་ལེགས་བཅོས་བྱེད་པ་དང་། ཏང་སྲིད་གཉིས་ཀྱིས་འགན་ཁུར་མཉམ་ལེན་དང་ལས་དོན་སྤྱི་ལ་དོ་དམ་བྱེད་པ།  དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་མཐུན་སྦྱོར་བྱེད་པ།  འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་འཁུར་བྱེད་པ། སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་པ་བཅས་ཀྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་བཏང་ནས། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པར། བསམ་པའི་སྒུལ་ཤུགས་ལེགས་པོ་ཞིག་མཁོ་འདོན་བྱེད་དགོས་ཟེར།

ལིག་ཉིང་གིས་ཚོགས་ཆེན་ལ་འགོ་འཛིན་བྱེད་སྐབས་ནན་གྱིས་བསྟན་དོན། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཕུགས་བསམ་དད་མོས་ཤིག་ཡིན་པ་དང་། གསོ་སྐྱོང་བྱ་རྒྱུ་ནི་བསམ་བློ་དང་ཀུན་སྤྱོད་ཡིན་པ། དར་སྤེལ་གཏོང་རྒྱུ་ནི་དཔལ་ཡོན་གྱི་དར་སྲོལ་བཅས་ཡིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས སྐྲུན་ཐུབ་པར་བྱེད་པ་ལ། ཅིས་ཀྱང་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་སྤོ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོངབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ ལག་བསྟར་ཡག་པོ་བྱེད་རྒྱུ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ལེགས་པོ་གཏོང་བ།  སྔོན་ཐོན་ཅན་དཔེ་མཚོན་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དབྱངས་རྟ་་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་འདུས། དར་སྲོལ་གསར་བ་འཛུགས་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་ལེན་པ་དང་མཚོ་སྔོན་གསར་བ་ འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྟོབས་ཤུགས་དང་བསམ་བློའི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲང་ཞི་མེན་གྱིས2016ལོ་ནས2018ལོའི་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་དང་། དཔལ་ཡོན་གྲོང་ཚོ་དང་གྲོང་རྡལ། དཔལ་ཡོན་ལས་ཁུངས། དཔལ་ཡོན་སློབ་གྲྭ དཔལ་ཡོན་ཁྱིམ་ཚང་། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་སྔོན་ཐོན་ལས་གཉེར་བར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས་ཞེས་པ་སྒྲོག་འགྲེལ་བྱས།

ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚུང་ལི་དང་ཀོ་ཧྭ། ཀྲང་ལིས། ཝང་ཞའོ་ཡུང་བཅས་ཚོགས་འདུར་ཞུགས། གཟེངས་བསྟོད་ཐོབ་པའི་འཐུས་མི་ཚའེ་ཁྲིན་ཡོང་དང་ཧུང་ཀྲི་ཞང་། ལིས་ཁྲིན་ཅོན། མའོ་ཞུའེ་རུང་། ལིག་ཅ་རུང་བཅས་ཀྱིས་སྔ་གཞུག་བྱས་ཏེ་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས།