ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2020.01.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ་དང་པོའི་ཚེས་དགུ་ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་གཉིས་ཀྱིས་བྱ་བར་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚོན་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བའི་ཐད་ནས་བརྟན་བརླིང་དང་གོ་རིམ་ལྡན་པར་འཕེལ་རྒྱས་བྱུང་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གལ་ཆེན་བཞག གྲུབ་འབྲས་དེ་དག་ཐོབ་སླ་མོ་ཞིག་མིན་པས། ཞིང་གསུམ་འཐབ་ཕྱོགས་སུ་འབད་འཐབ་བྱེད་པའི་བློ་མཐུན་རྣམས་ལ་འཚམ་འདྲི་དང་བཀའ་དྲིན་ཆེ་ཞུ་བ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཆེད་དུ་ཞིང་གསུམ་བྱ་བར་ཞིབ་འཇུག་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་འགན་དང་ལེན་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་ཞང་སྡེ་དར་སྤེལ་འཐབ་ཇུས་དམ་འཛིན་བྱེད་དགོས་ལ། ཞིང་གསུམ་བྱ་བ་དེ་གོ་གནས་གལ་ཆེན་དུ་འཇོག་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། ཞིང་གསུམ་གྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ལིག་ཉིང་གིས་བསྟན་དོན། ལོ་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་ནན་མོ་བྱེད་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་དཔེ་སྟོན་ཞིང་ཆེན་མྱུར་དུ་འཛུགས་སྐྲུན་བྱེད་དགོས་ལ། ཞིང་ལས་དང་ཞིང་སྡེ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་འགྲོ་བའི་མ་ལག་གསར་སྐྲུན་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཞིང་གསུམ་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་པར་མ་ཟད། རྒྱུན་མཐུད་སྒོས་ཞིང་གསུམ་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་ཕན་འབྲས་བཟང་བོ་ཐོབ་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།