ཝང་ཅན་ཅུན་སོ་སོར་མཚོ་ཤར་དང་ཡུས་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
2020.01.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་སོ་སོར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་མཚོ་ཤར་འཐུས་ཚབ་ཚོགས་པ་དང་ཡུས་ཧྲུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོས་ནན་གྱིས་བསྟན་དོན། འདུ་ཤེས་གསར་བར་འབད་འཐབ་བྱེད་པ་དང་གྲུབ་འབྲས་གསར་བ་ལེན་པ། སྲིད་གཞུང་གི་བྱ་བའི་སྙན་ཞུ་ཁྲོད་སྤྱི་སྡོམ་བྱས་པའི་ཉམས་མྱོང་དང་བཏོན་པའི་རེ་བ། བཀོད་སྒྲིག་ལ་སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་བཟང་བོ་བྱས་ནས། ལག་ལེན་གསར་བའི་ཁྲོད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

གྲོས་ཞིབ་ཁྲོད། ཉའོ་ཁྲིན་ཡུན་དང་ཝང་ལེན་ཧུའུ། ལིས་ལེན་ཧི། ཅིན་ལིས། ཧན་ཅིན་ལུའུ། ཚེ་རིང་ཐར། ནན་དབྱང་སོགས་འཐུས་མིས་སྔ་གཞུག་ཏུ་ཙོང་ཆུའི་བཞུར་རྒྱུད་གསར་འཛུགས་སྐྲུན་བྱེད་པ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་ལ་ཤུགས་བསྣོན་པ། དབུལ་ཐར་མཁྲེགས་གཏོར་བྱེད་པ། རིག་གནས་ལས་དོན་འཕེལ་རྒྱས་སུ་གཏོང་བ། འཐེན་ཐུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་སོགས་ཐད་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་ཚང་མས་གཏམ་བཤད་ལ་ཉན་ཞོར་དུ་ཟིན་ཐོར་བཀོད་པ་མ་ཟད། འཐུས་མི་ཚོ་དང་གྲོས་སྡུར་བྱས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཆབ་སྲིད་གླེང་ཡོད་པ་་དང་གཏན་ཚིགས་ཡོད་ལ།གསར་གཏོད་ལ་དོ་སྣང་བྱས་ཡོད་པ་དང་རྩོམ་གཤིས་ཧ་ཅང་བཟང་ལ། དུས་རབས་འཕེལ་རྒྱས་ཀྱི་རྗེས་སྙེག་པ་དང་མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ། མི་དམངས་ཀྱི་རེ་བ་དང་མཐུན་པའི་སྙན་ཞུ་བཟང་བོ་ཞིག་ཡིན། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཏང་ཨུའི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། བཅའ་ཁྲིམས་ཀྱི་གཏན་ཁེལ་ལག་བསྟར་བྱས་ལ། རང་སྟེང་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱས་ཡོད་པ་དང་། བརྗོད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་ཡིན་ལ། རྩོམ་གཤིས་བཟང་བའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། སྙན་ཞུ་གཉིས་ལ་ཧ་ཅང་འཐད་པ་ཡིན་ཟེར།

མཚོ་ཤར་འཐུས་ཚབ་ཚོགས་པ་རུ། ཝང་ཅན་ཅུན་གྱིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རེ་བ་ལག་བསྟར་བཟང་བོ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་ལ་འགྱུར་ལྡོག་ཡོད་པ་དང་མང་ཚོགས་ལ་མྱོང་ཚོར་ཡོད་པ། སྤྱི་ཚོགས་ཀྱིས་ཁས་ལེན་པའི་མཚོ་ཤར་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཡོང་སྒོ་དང་ལས་ཞུགས་སོགས་ཐད་ཀྱི་གནད་དོན་ཐག་གཅོད་དགོས། རང་སྟེང་གི་གནས་ཐིག་གཏན་ཁེལ་ལ་རྐང་བཙུགས་ནས། ཞིབ་སྡུར་དགེ་མཚན་འདོན་སྤེལ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་དང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ། ལན་ཀྲི་དང་ཟི་ལིང་གི་གྲོང་ཁྱེར་གྱི་སྡེ་འཕེལ་རྒྱས་སུ་གཏོང་བའི་ཁྲོད་འདྲེས་པར་བྱེད་པ། སྣེ་ཁྲིད་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་ཤར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཡུས་ཧྲུའུ་འཐུས་ཚབ་ཚོགས་པ་རུ། ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་ཡུས་ཧྲུའུ་ལ་ས་འགུལ་བྱུང་ནས་ལོ་འཁོར་བཅུ་ལོན་པའི་ལོ་ཡིན་པས། ལོ་བཅུ་ལོན་པའི་རིམ་གྲོ་བཟང་བོར་བསྒྲུབ་པ་དང་། དུས་རབས་གསར་བར་ཞུགས་རྒྱུ་དེ་ཡུས་ཧྲུའུ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ཁ་སང་དང་དེ་རིང་། སང་ཉིན་ལ་རྐང་བཙུགས་ནས། ལོ་རྒྱུས་ནམ་ཡང་མི་བརྗེད་པ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བ།  མ་འོངས་པར་དཀའ་སྤྱད་འབད་འཐབ་བྱེད་དགོས། མི་རིགས་ལ་ལྟ་སྟངས་བཟང་བོ་འཛིན་པ་དང་དམངས་སེམས་བརྩོན་ལེན་བྱེད་པ། དམངས་ཚིས་ཐད་སེམས་ཁུར་བྱེད་པ་དང་། མི་རིགས་ཀྱི་བརྩོན་སེམས་ཆེར་སྐྱེད་པ། དམངས་སེམས་གཅིག་ཏུ་བསྡུས་ཏེ། དམངས་ཚིས་ལས་དོན་ཆེན་པོ་བཟང་བོར་བསྒྲུབ་དགོས་ཟེར།