མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོ་སོ་སོར་སྲིད་གྲོས་ཀྱི་ཚན་ཆུང་གྲོས་སྡུར་ལ་ཞུགས།
2020.01.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགོན་པོ་བཀྲ་ཤིས་དང་ཐིན་ཅཱ་ཚའེ། ཀྲང་ཞི་མེན། མཱ་ཅི་ཞའོ་བཅས་སོ་སོར་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚན་ཆུང་གྲོས་སྡུར་ལ་ཞུགས་པ་མ་ཟད། སྙན་ཞུ་སྣ་ཚོགས་ལ་དམིགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་གྲོས་སྡུར་བྱས།

ཚང་མས་མཐའ་གཅིག་ཏུ། ཧྲིན་ཀྲང་ལིག་ཉིང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་མགོ་མཇུག་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཡོད་པ་དང་། གྲུབ་འབྲས་སྤྱི་སྡོམ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་བྱས་ཡོད་ལ། བྱ་བར་བཀོད་སྒྲིག་བྱེད་པའི་ཐད་ནས་གཙོ་གནད་འབུར་ཐོན་བྱས་པ་དང་བསམ་བློ་གསར་བ་མངོན་པར་བྱས་ཡོད་ལ། འཆར་གཞི་གསར་བ་བཀོད་ཡོད་པ་དང་། དེ་ནི་ཁག་ཁུར་བྱེད་ཕོད་པ་དང་ཡིད་ཆེས་ཡོད་པ། དཀའ་ངལ་གདོང་གིས་བསུ་བའི་སྙན་ཞུ་ཞིག་ཡིན། སྲིད་གཞུང་བྱ་བའི་སྙན་ཞུ་ཐད་ནས་ལངས་གནས་མཐོན་པོ་ཡོད་པ་མ་ཟད། ཀྲུང་དབྱང་གི་དགོངས་དོན་དང་མཚོ་སྔོན་གྱི་གནས་ཚུལ་དངོས་བར་གྱི་ཟུང་འབྲེལ་མངོན་པར་བྱས་ཡོད། ཡིད་ཆེས་བརྟན་པོ་དང་གཏན་ཤུགས་བཟང་བོ་ཡོད་ལ། གསར་འབྱེད་མདུན་སྐྱོད་དང་གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་རྩོད་སྒྲུབ་གཅིག་གྱུར་མངོན་པར་བྱས་ཡོད། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཡིས་འདས་ཟིན་པའི་ལོ་གཅིག་རིང་གི་ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་གཏན་འཇགས་ཀྱི་ཁྱོན་ཡོངས་ལ་དམིགས་ཏེ། འགན་སྒྲུབ་ནན་མོ་བྱས་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་ནས། བྱ་བ་སྣ་ཚོགས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་དང་སྣང་བརྙན་གསར་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས། 2020ལོའི་སྲིད་གྲོས་བྱ་བའི་བཀོད་སྒྲིག་ཐད་ནས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གནས་གསར་བ་དང་འགན་འཁྲི་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་དུ་དམིགས་ནས། དམིགས་འབེན་གཏན་ཁེལ་བྱེད་པ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱེད་ཐབས་བཟང་བོ་སྤྱོད་དགོས་ལ། དེ་ནི་བདེན་འཚོལ་དངོས་གཉེར་དང་སྐུལ་མ་ཐེབས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པའི་ཚུལ་བསྟན།

ཚང་མས། འདས་པའི་ལོ་གཅིག་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཏན་ཏན་ཏིག་ཏིག་བཞིའི་རེ་བ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ལྔ་བཞི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ལ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཁྲོད་བཅོས་བསྒྱུར་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། འགྲན་རྩོད་གདོང་གིས་བསུ་བའི་ཁྲོད་གཏན་འཇགས་ལ་བརྟེན་ནས་བཅོས་བསྒྱུར་ལ་ཁ་གཏད་འཇལ་ལ། ཉེན་ཁ་ཐག་གཅོད་པའི་ཁྲོད་འཕེལ་རྒྱས་སུ་གཏོང་བར་བརྟེན་ནས་གཏན་འཇགས་སྲ་བརྟན་དུ་བཏང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དྲིན་གཟོ་མདུན་སྐྱོད་དང་འབད་འཐབ་བྱས་པ་དང་། གནོན་ཤུགས་ཁྲོད་མདུན་སྐྱོད་བྱས་ལ། མཁྲེགས་གཏོར་ཆེན་པོ་གསུམ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར། ཕན་ཡོད་དགོས་མཁོ་རྒྱ་སྐྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཕྱོགས་སོ་སོ་ཐད་ནས་བླངས་པའི་གྲུབ་འབྲས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གི་བློ་དཀར་ཁག་ཁུར་དང་དངོས་གཉེར་མདུན་སྐྱོད་མངོན་པར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་བ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚང་མས། སྲིད་གཞུང་བྱ་བའི་སྙན་ཞུ་ནང་གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མཁྲེགས་གཏོར་ཆེན་པོ་གསུམ་གྱི་རྒྱལ་ཁ་ལེན་ཆེད། དཔེ་སྟོན་ཞིང་ཆེན་ལྔའི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། དཔལ་འབྱོར་རྣམ་པ་བཞིའི་སྣེ་ཁྲིད་ལ་ཤུགས་སྣོན་པ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བྱེད་པ། གཏན་འཇགས་ལ་འགན་སྲུང་བྱེད་པ་སོགས་བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་བ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ། ཐེངས་བཞི་བ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་བྱས་པའི་ཡང་དག་པའི་གདམ་བསེས་ཡིན་ཞེས་བསྟན་ཡོད་པས། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་ན། བྱ་བ་སྣ་ཚོགས་ཐད་ཀྱི་གྲུབ་འབྲས་གསར་བ་ལེན་ཐུབ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཁྲིམས་ལྟར་འགན་སྒྲུབ་བྱེད་པ། ཁག་ཁུར་བྱེད་ཕོད་པར་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཆེད་རིག་སྟོབས་གཅིག་ཏུ་བསྡུས་པ་དང་མཚོ་སྔོན་གྱི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་པའི་ཚུལ་བསྟན།