མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ།
2020.01.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པས་ལས་རིམ་ཁག་སོ་སོའི་འོས་འགན་བདེ་ལེགས་ངང་ཡོངས་འགྲུབ་བྱས་ཏེ། མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་ཀྲུའུ་ཞི་གཞོན་པ་ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཀྲང་ཧྲིག་ཁྲིན། ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི དྲུང་ཡིག་ཆེན་མོ་ལིག་ཏཱ་ཡེ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་ནས་བསྡད།

ཝང་ཅན་ཅུན་དང་ལིག་ཉིང་། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ལིས་ཅེ་ཞང་། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆོས་ཞིན་ཡུང་བཅས་གདན་དྲངས་པ་ལྟར་ཚོགས་འདུར་ཞུགས་ནས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད།

ཚོགས་འདུར་ཐོན་དགོས་པའི་ཨུ་ཡོན་སུམ་བརྒྱ་གོ་གཅིག་ཡོད་ཅིང་། གྲོས་ཚོགས་གྲོལ་བའི་ཚོགས་ཆེན་སྟེང་ཨུ་ཡོན་སུམ་བརྒྱ་ང་བརྒྱད་དངོས་སུ་ཞུགས་ལ། དེ་ནི་ཁྲིམས་གཏན་མི་གྲངས་དང་མཐུན།

རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཚོགས་ཆེན་ཐོག་རིམ་པ་བཞིན་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་འཆམ་བྱུང་བ། སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་ལ་གྲོས་འཆམ་བྱུང་།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ད་རེས་ཀྱི་ཚོགས་འདུ་ནི་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ། མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་འགག་རྩའི་དུས་སུ་བསྡུས་པ་ཞིག་ཡིན། གྲོས་ཚོགས་ལ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚད་མཐོའི་མཐོང་ཆེན་བྱས་པ་དང་འབྲེལ་ཡོད་སྡེ་ཁག་གིས་ཀྱང་དེ་བསྟུན་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ།  གྲོས་རིམ་ཁག་བདེ་ལེགས་ངང་སྤེལ་བ་བཅས་བྱས་པས་སྔོན་དཔག་གི་ཕན་འབྲས་ཆེན་པོ་ཐོབ། ཚོགས་འདུའི་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་རྣམས་གྲོས་ཚོགས་འགོ་རྩོམ་པ་དང་མཇུག་སྒྲིལ་བའི་ཚོགས་ཆེན་ལ་རིམ་པར་ཞུགས་པ་དང་ཚོགས་ཆེན་གྱི་གཏམ་བཤད་ལ་ཉན་པ། མཉམ་འབྲེལ་ཚོགས་ཆུང་དང་ཚན་བགོས་གྲོས་བསྡུར་ནང་ཞུགས་པ། ཨུ་ཡོན་དང་བསམ་འཆར་བརྗེ་རེས་བྱས་ཏེ་རྒྱལ་དོན་མཉམ་གྲོས་བྱས། ཚོགས་ཞུགས་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་སྲིད་གཞུང་གི་ལས་དོན་སྙན་འབུལ་དང་སྙན་འབུལ་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་དང་། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གྲོས་གཞི་བྱ་བའི་གནས་ཚུལ་སྙན་ཞུ་སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་ནན་ཏན་བྱས་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་གྲོས་མོལ་གྲོས་བསྡུར་དང་བློ་འདོན་ཇུས་འབུལ་བྱས་ནས་གྲུབ་འབྲས་ཆེན་པོ་བླངས། ཐེངས་འདིའི་གྲོས་ཚོགས་སྟེང་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་། ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་ངང་གོང་བུར་བསྒྲིལ་རྒྱུ་ནི་བདེན་འཚོལ་དངོས་གཉེར་དང་མཐུན་སྒྲིལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་དང་། ཡིད་ཆེས་བརྟན་པོ་དང་ངར་ཤུགས་འཕེལ་བའི་ཚོགས་ཆེན་ཞིག་ཡིན་པ་མཚོན་པར་མ་ཟད། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་ནུས་ཀྱི་དགེ་མཚན་གང་ལེགས་སྒོས་མཚོན་ཡོད་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར། དེ་བསྟུན་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་བས། རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་ཤིག་དང་མཁྲེགས་གཏོར་དུས་སྐབས་ཤིག་ཀྱང་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། འགོ་འཛུགས་ས་གསར་པའི་ཐོག་ནས་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་ནས། སྲིད་ཇུས་གལ་ཆེན་དང་དམིགས་ཚད་ལས་འགན་གཏན་འཁེལ་བྱས་པ་ལས་གཞན། ད་ཐེངས་ཀྱི“ཚོགས་ཆེནགཉིས”ཀྱི་ཐོག་ཞིབ་འཇུག་གཏིང་ཟབ་དང་གྲོས་བསྡུར་རྒྱ་ཁྱབ། བྱེད་ཐབས་ཞིབ་ཕྲར་བསྒྱུར་བ་བཅས་བྱས་ཏེ། ལས་འགན་གསལ་བོ་དང་འཆར་འགོད་ལེགས་པོ་འཐེན་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་རྣམ་འགྱུར་གསལ་བོ་དང་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མཚོན་ཡོད། མིག་སྔར་གལ་ཆེ་ཤོས་ནི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས། “ཚོགས་ཆེན་གཉིས”ཀྱི་སྟེང་བཟོས་པའི་འཆར་གཞི་ལེགས་པོ་དེ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་རྒྱུ་དེ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། འགན་ནུས་ལྷག་བསམ་རྣམ་དག་གིས་བསྒྲུབ་པ་བཅས་བྱས་ནས། “ཚོགས་ཆེན་གཉིས”ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་ཆེ་ཤོས་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཏེ། གཅིག་ནས་སློབ་སྦྱོང་དང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རང་ངོས་ནས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ལ། རིགས་སོ་སོའི་མང་ཚོགས་ལ་ཕྱོགས་ནས་རང་འགུལ་ངང་སྲིད་ཇུས་སྒྲོག་འགྲེལ་དང་། དོགས་གནད་གསལ་འགྲེལ། ཡིད་ཆེས་བརྟན་གཏོང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། “ཚོགས་ཆེན་གཉིས”ཀྱི་དགོངས་དོན་དེ་མི་རིགས་སོ་སོ་དང་ལས་རིགས་ཁག་སོ་སོའི་ཁྱབ་ཁོངས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་ཏན་ཏིག་འགྱུར་བ་བྱེད་དགོས། གཉིས་ནས་གྲོས་མོལ་སྲིད་གླེང་གཏིང་ཟབ་བྱེད་པའི་ཁྲོད་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་ནུས་འབུར་ཐོན་ཡོང་བར་བྱེད་པ་དང་། ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་དོན་འཁྱོལ་ནན་ཏན་བྱེད་པ། ཐབས་འདོན་ཇུས་འབུལ་དང་སྲིད་དོན་སྐྱོང་རོགས་དང་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ། ཕྱོགས་གཉིས་ནས་ནུས་ཤུགས་འདོན་པའི་ཕན་འབྲས་སྔར་ལས་ཆེ་རུ་གཏོང་གང་ཐུབ་བཅས་བྱས་ཏེ། “ཚོགས་ཆེན་གཉིས”ཀྱི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་བྱེད་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གསུམ་ནས་ལས་དོན་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲོད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ལས་དོན་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་དམ་པོར་དམིགས་ནས། འགན་སྒྲུབ་གསར་གཏོད་དང་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་སྔར་ལས་ལེགས་པར་ས་གནས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས། “ཚོགས་ཆེན་གཉིས”ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ཆེད་དམངས་ཀྱི་འདོད་མོས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། བཞི་ནས་ལས་ཀའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་སྒྲུབ་ལ་བརྩི་མཐོང་དར་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཁྱད་གསོད་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་བྱ་སྤྱོད་གསར་པ་མངོན་པར་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་འཐབ་ཇུས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱེད་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པ་བཅས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་རྒྱུར་འབད་འབུངས་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་ཝང་ཞིག་ཧྥིན་དང་ཀྲང་ཀོང་རུང་། མཱ་ཝེ། ཀོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཧེ་ཁོན། ལིག་ཐུང་ཏི། ཁོང་ཡུང་། ཝང་ལིས་མེན། དབྱང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཀྲང་ལིས། དབྱང་ཁི་ཞང་སོགས་བསྡད་ཡོད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གདན་དྲངས་པ་ལྟར་ཚོགས་ཆེན་སྟེང་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་ཐེངས་འདིའི་ཚོགས་ཆེན་གྲོལ།