མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་རྒྱལ་ཁའི་ངང་གྲོལ།
2020.01.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ། 

ཟླ་དང་པོའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བས་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས་རྒྱལ་ཁའི་ངང་གྲོལ།

གྲོས་ཚོགས་ནས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག དུས་ཚོད་དམ་འཛིན་བྱེད་པ་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་མདུན་སྐྱོད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བཟང་བོ་བསྡུ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་དོན་དགུ་དངོས་སུ་གྲོས་ཚོགས་ལ་ཞུགས་ལ། དེ་ཁྲིམས་བཀོད་མི་གྲངས་དང་མཐུན།

གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅུན་དང་ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲས་སུ་བསྡད་ཡོད།

ལིག་ཉིང་དང་རྡོ་རྗེ་རབ་བརྟན། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞི་མེན། ལིས་ཅེ་ཞང་། ཡན་ཅིན་ཧའེ། ཝང་ཡུས་ཡན། ཡུས་ཚོང་ལི། མཱ་ཅི་ཞའོ། ཆུའུ་ཞིན་ཡུང་། དབྱིན་པད་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད། ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ལག་བསྟར་གནས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་ཆོད་དོན་དང་། 2019ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང2020ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་ཆོད་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན། ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གི་བྱ་བའི་སྙན་ཞུ་སྐོར་གྱི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་།

ཀྲང་ཀོང་རོང་གིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བས་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་འབད་འཐབ་འོག ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་པར་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་མ་ཟད། ཆོད་དོན་སྣ་ཚོགས་ལ་གྲོས་འཆམ་བྱུང་བ་དང་། གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས། ཚོགས་འདུའི་སྐབས་སུ། འཐུས་མི་ཚོས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ལ། རང་རྟོགས་མཐོ་བའི་ཆབ་སྲིད་ཁག་ཁུར་དང་མི་དམངས་ལ་བཅངས་པའི་བརྩེ་སེམས། འབད་འཐབ་ལྷོད་མེད་བྱེད་པའི་བསམ་པའི་རྣམ་པ་མངོན་པར་བྱས་ཡོད། གྲོས་ཚོགས་གཟབ་རྒྱས་ངང་བསྡུས་པ་དང་། དངོས་གཉེར་ཕན་མཐོ་དང་ལེགས་འགྲུབ་བྱུང་ལ། དར་ཆ་མཐོན་པོར་བསྒྲེང་བ་དང་ཧུར་བརྩོན་འབད་འཐད་ཀྱི་གྲོས་ཚོགས་ཤིག་དང་། སེམས་ཤུགས་གཅིག་ཏུ་བསྒྲིལ་བ་དང་མཉམ་དུ་འཕེལ་རྒྱས་ལ་འཆར་འགོད་བྱེད་པའི་གྲོས་ཚོགས་དང་དམངས་གཙོ་མཐུན་སྒྲིལ་དང་སྤྱོད་གཙང་སྲོལ་བཟང་གི་གྲོས་ཚོགས་ཤིག་ཡིན་ཟེར།

ཀྲང་ཀོང་རོང་གིས་བསྟན་དོན། གྲོས་ཚོགས་མཇུག་བསྡུ་བ་ནི་ལག་བསྟར་མགོ་རྩོམ་པའི་དུས་ཡིན་པས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་པ། གྲོས་ཚོགས་སྣ་ཚོགས་ལག་བསྟར་བཟང་བོ་བྱས་ནས། འཐུས་མི་ཡོངས་ཀྱིས་གཅིག་ཏུ་བསྡུས་པའི་ཐུན་མོང་གི་ལྟ་བ་དེ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འགུལ་སྐྱོད་དངོས་ལ་བསྒྱུར་བ་དང་། ཧུར་ཐག་གིས་ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ནམ་ཡང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སྣེ་ཁྲིད་དུ་བྱེད་པ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པ་བཅས་གཅིག་གྱུར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་རེ་བ་གལ་ཆེན་ལ་དམ་དུ་དམིགས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་སྣ་ཚོགས་ཕྲག་ཏུ་ལེན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། གཏན་ཁེལ། བསྐོ་བཞག འཐུས་མི་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། རྒྱུན་མཐུད་ངང་རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ། དམངས་འཐུས་ཚོགས་ཆེན་བྱ་བའི་ལག་བསྟར་ལོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ཕྱིར་བཏོན་པའི་གྲོས་གཞི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ། དམངས་འཐུས་ཚོགས་ཆེན་བྱ་བའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྔ་བཞི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བཟང་བོ་བསྡུ་བ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འདེགས་སྐྱོར་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་མངོན་པར་བྱས་ཡོད། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ནི་དམངས་འཐུས་ཚོགས་ཆེན་ལམ་ལུགས་ཀྱི་གཙོ་གཞི་ཡིན་ལ། ལམ་ལུགས་ཀྱི་དགེ་མཚན་རང་བཞིན་མངོན་པར་བྱེད་པ་ནི་དུས་རབས་གསར་བས་དམངས་འཐུས་ཚོགས་ཆེན་ལ་བསྩལ་བའི་བླ་མེད་འགན་འཁྲི་དང་རླབས་ཆེན་གྱི་ལས་འགན་ཡིན། མི་དམངས་ཀྱིས་ང་རང་འཐུས་མི་རུ་བདམས་པ་དང་ང་རང་འཐུས་མི་བྱེད་དོན་ནི་མི་དམངས་ཀྱི་ཆེད་ཡིན། ཞིང་ཆེན་ཡོངས་ཀྱི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚོས་འཐུས་མི་ནི་གཟི་བརྗིད་དང་ཡིད་ཆེས་ཡིན་ལ། ལས་འགན་དང་འགན་འཁྲི་དེ་ལས་ཀྱང་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་མ་ཟད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དགེ་མཚན་དང་ཟམ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་ཀྱི་འདོད་བློ་དང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་མི་དམངས་ཀྱི་དཀའ་ཁག་ཐག་གཅོད་པ། མི་དམངས་ཀྱི་མགྲིན་ཚབ་པ་བྱེད་པ། མང་ཚོགས་ཀྱི་བློས་ཐུབ་གྲོགས་པོ་བྱེད་པ། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ། དུས་རབས་གསར་བར་བསྐྱོད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཟེར།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། 2020ལོ་ནི་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་ལོ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་བརྒྱ་ལོ་དང་པོའི་ཕུགས་འདུན་ཡང་མངོན་འགྱུར་བྱེད་ལ་ཉེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག དུས་ཚོད་དམ་འཛིན་བྱེད་པ་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡོངས་འགྲུབ་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ཀྲུའུ་ཞི་སྟེགས་བུ་སྟེང་བཞུགས་པའི་འགོ་ཁྲིད་ད་དུང་། ཁོང་ཡུང་དང་ཝང་ལིས་མེན། དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཝང་ཞའོ་ཡུང་། རིན་ཆེན་རྣམ་རྒྱལ། ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི མཱ་ཀྲི་ཝེ། ཁྲིན་མེན་ཀའོ། མིན་ཡུང་ཧྲན། ཧོང་ཁྲའོ་ཧོས། ལིས་ཙའེ་ཡོན་བཅས་ཡོད།

མུའུ་ཏུང་ཧྲིན་དང་སུའུ་ཉིང་གཉིས་གདན་འདྲེན་ཞུས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་མཇུག་བསྒྲིལ།