ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་ཚོགས་འགོ་བརྩམས།
2020.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གསུམ་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ཟི་ལིང་ནས་ཚོགས་འགོ་བརྩམས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། བློ་མཐུན་ཀྲའོ་ལི་ཅི་ཡི་བྱ་བའི་སྙན་ཞུ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལམ་ལུགས་དགེ་མཚན་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་་ཞིབ་ལས་ཁུངས་ཀྱི་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་གི་དཔོན་པོ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚའེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མི་སྣ་གྲོས་ཚོགས་ལ་ཞུགས་ནས་མཛུབ་སྟོན་བྱས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་བར་བརྟེན་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་འཐབ་ཇུས་བཀོད་སྒྲིག་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བ་དང་དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། བློ་མཐུན་ཀྲའོ་ལི་ཅི་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བའི་ཐད་གཞི་འཛིན་ས་འདོན་སྤྲོད་བྱས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་རྒྱུས་ལོན་གསལ་བོ་བྱེད་པ། གོ་དོན་མཐིལ་རྟོགས་དང་སྦྱངས་པ་གོ་ཆོད་བྱེད་པ། བྱ་བ་བརྟན་བརླིང་ངང་སྤེལ་དགོས། གྲུབ་འབྲས་གསར་བ་དང་ཡར་ཐོན་གསར་བར་ཁྱོན་ཡོངས་ནས་རྒྱུས་ལོན་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་དུས་རབས་གསར་བའི་ནང་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་ཁྱད་ཆོས་མངོན་གསལ་ལ་ངོས་འཛིན་ཡང་དག་བྱས་ཏེ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། ངོས་ཟིན་གསར་བ་དང་མྱོང་ཚོར་གསར་བར་ཁྱོན་ཡོངས་ནས་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ལག་ལེན་གྲུབ་འབྲས་ཁོང་དུ་ཆུད་པར་བྱེད་པ་དང་ཏང་དང་རྒྱལ་ཁབ་ལྟ་སྐུལ་གྱི་ལམ་ལུགས་གྲུབ་འབྲས་ལ་ཤུགས་བསྣན་ནས། དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་མ་ཟད་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། གནས་བབ་གསར་བ་དང་འགན་འཁྲི་གསར་བར་རྒྱུས་ལོན་གསར་བ་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པའི་སྒྲིག་གཞི་རྐྱེན་སྲོལ་བཙུགས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཀྱི་རྒྱལ་ཁའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དམིགས་འབེན་གསར་བ་དང་བསམ་ཕྱོགས་གསར་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་སྣེ་ཁྲིད་དུ་བྱས་ནས། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་གྱི་སྒྲིག་གཞི་རྐྱེན་སྲོལ་ཁྱོན་ཡོངས་ནས་སྤེལ་དགོས། བྱེད་ཐབས་གསར་བ་དང་ལས་འགན་གསར་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཐིན་ཅཱ་ཚའེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱེད་སྐབས་བསྟན་དོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གནས་བབ་ཐད་ཀྱི་དབྱེ་ཞིབ་དང་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་གཉིས་དང་ཟུང་འབྲེལ་བྱེད་པ། ཚད་གཞི་སྔར་ལས་མཐོན་པོ་དང་རེ་བ་སྔར་ལས་མཐོན་པོ་དང་སྤྱོད་ཚུལ་སྔར་ལས་བཟང་བོར་བརྟེན་ནས་བཀོད་སྒྲིག་རེ་བ་སྣ་ཚོགས་ལག་བསྟར་བྱེད་པ། གཟབ་ནན་གྱི་དགོངས་གཞི་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ། ཏང་ལ་དོ་དམ་བྱེད་པ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་ཁྱོན་ཡོངས་ནས་ཕྲག་ཏུ་བླངས་ཏེ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཁྲོད་ཀྱི་ལྟ་སྐུལ་འགན་སྲུང་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཐུས་ཚང་དུ་གཏོང་བའི་འགན་ནུས་ནུས་པ་འདོན་སྤེལ་བྱས་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་གསར་བས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་རྒྱུགས་ལན་བཟང་བོ་སྤྲོད་དགོས་ཟེར།