ལིག་ཉིང་གིས་ལུགས་རྙིང་ལོ་སར་སྐབས་སུ་ལས་རེས་བྱེད་བཞིན་པ་དང་ལས་གནས་སྲུང་བའི་མི་སྣར་འཚམས་འདྲི་བྱས།
2020.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དང་དྲག་ཆས་ཉེན་རྟོག་པའི་ལས་རེས་བྱེད་ས། སྲུང་སྐྱོབ་ཁྲུའུ། ཁྲོ་ཐབ་ཁང་། གཞུང་ཞབས་ཁང་བཅས་སུ་སོང་ནས་ལས་གནས་སུ་ལས་རེས་བྱེད་བཞིན་པའི་མི་སྣར་འཚམས་འདྲི་བྱས་པ་དང་། ཚང་མར་ལོ་སར་གྱི་སྨོན་འདུན་ཞུས།

ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་དུ། ལིག་ཉིང་གིས་བཤད་རྒྱུར། མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་ཚོད་འགོག་བྱ་བའི་གནས་བབ་ཧ་ཅང་ཛ་དྲག་ཆེ་བ་དང་། ཆ་འཕྲིན་ལྟེ་གནས་ཡིན་པའི་ཆ་ནས། ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་གིས་གནས་ཚུལ་གོང་གི་བཀའ་རྒྱ་མར་བསྒྲགས་པ་དང་འོག་གི་གནས་ཚུལ་ཡར་ཞུ་བྱེད་པ། འཕྲལ་སྒྲུབ་ཐག་གཅོད་སོགས་ཀྱི་ལས་འགན་གཙོ་བོ་ཕྲག་ཏུ་ཁུར་ཡོད་པས། ལས་རེས་ཟུང་གི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། གློ་ཚད་ཀྱི་ཚོད་འགོག་སོགས་གནས་ཚུལ་ཧ་ཅང་མཐོང་ཆེན་བྱེད་པ། དུས་ཚོད་ཉེར་བཞིའི་ལས་རེས་རྒྱུན་འཁྱོངས་བྱེད་པ་དང་ཆ་འཕྲིན་ཡར་ཞུ་གསལ་བོ་བྱེད་པ། དུས་ཐོག་ཏུ་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས་ནས། གཟབ་ནན་དང་འགན་ཁུར་བ། མགྱོགས་པ། ཕན་འབྲས་ལྡན་པར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་རིགས་མི་འདྲ་བའི་ཐོལ་བྱུང་སྤྱི་ཐུན་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་ཐག་གཅོད་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

དྲག་ཆས་ཉེན་རྟོག་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དུ་སྡོད་པའི་ལས་རེས་རུ་ཁག་བར་མའི་ལས་རེས་བྱེད་ས་སོ་སོ་རུ། ལིག་ཉིང་གིས་དཔོན་དམག་གི་གྲང་འགོག་དྲོད་འདོན་དང་ཉིན་རྒྱུན་གྱི་སྦྱོང་བརྡར། མཁོ་སྒྲུབ་འགན་སྲུང་སོགས་གནས་ཚུལ་ཐད་ནས་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚང་མས་ལས་རེས་བཟང་བོ་བྱེད་པའི་ཞོར་དུ། རང་སྟེང་གི་གྲང་འགོག་ནད་འགོག་བྱ་བ་ཡང་བཟང་བོར་བསྒྲུབ་དགོས་པའི་སྐུལ་མ་བཏང་།

ཁྲོ་ཐབ་ཁང་དང་སྲུང་སྐྱོབ་ཁྲུའུ། གཞུང་ཞབས་ཁང་བཅས་སུ། ལིག་ཉིང་གིས་ཚང་མ་དང་རེ་རེ་བཞིན་ལག་འཇུ་བྱས་ནས་འཚམས་འདྲི་བྱས། 

ལིག་ཉིང་གིས་བཤད་རྒྱུར། ཚང་མས་རང་ཉིད་ཀྱི་ལས་རྐང་ལ་རྐང་བཙུགས་ནས། འགན་སྒྲུབ་ནན་མོ་བྱས་ཏེ། སྲིད་གཞུང་གི་བྱ་བ་སྣ་ཚོགས་སྤེལ་བའི་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱེད་དགོས། ཚང་མས་ལས་བརྩོན་ལས་ཞེན་བྱེད་པ་དང་། འགན་ཁུར་ཕྲག་ཏུ་ལེན་པ། ཚད་དང་ལྡན་པའི་སྒོ་ནས་བྱ་བ་བསྒྲུབ་པ། ཚན་རིག་དང་མཐུན་པའི་སྒོ་ནས་དོ་དམ་བྱེད་པ། བྱ་བའི་གོ་རིམ་ལྟར་སྐོར་ཞིབ་དང་བདེ་འཇགས་སྲུང་སྐྱོབ། གཙང་སྦྲ་སྲུང་སྐྱོབ་སོགས་བྱ་བཟང་བོར་བསྒྲུབ་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།