ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།
2020.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་ནས། ཏང་ཀྲུང་དབྱང་གི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་གནས་ཚུལ་སྙན་ཞུར་ཉན་པ་ལས་གཞན། འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་ཉི་ཤུ་ལོའི་གཙོ་གནད་བྱ་བར་གྲོས་ཞིབ་བྱས་ནས། མ་འོངས་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཐིན་ཅཱ་ཚའེ་དང་། ཝང་ཡུས་ཡན། ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ་དང་།ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལོ་དང་སྲིད་ཇུས་དོན་འཁྱོལ་ལོའི་ལས་འགན་ཁག་རྒྱུན་ཆད་མེད་པར་ལག་བསྟར་ཟབ་མོ་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་དེ་གཏིང་ཟབ་སར་འཕེལ་རྒྱས་དང་གཞི་རིམ་གྱི་ཕྱོགས་སུ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། ཏང་འཛུགས་བྱ་བའི་ཁྱབ་ཁོངས་ཁག་ཏུ་ཐོད་བརྒལ་དང་ཁྱོན་ཡོངས་ལ་གསར་གཏོད། སྤྱི་ཡོངས་སྐས་རིམ་གསར་པ་བཅས་སུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ནུས་ལྡན་བྱས་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཐད་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱེད་པ། ཏང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལྔ་བཞིའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་འགན་ལེན་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱེད་དགོས་ཟེར།

གྲོས་ཚོགས་ལས་བླང་བྱ་བཏོན་དོན། ཏང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་ཀྱི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཆོས་ཉིད་ལ་སྔར་ལས་བརྩི་སྲུང་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་འཛུགས་པ། ཏང་འཛུགས་སྐྲུན་ཁྱབ་ཁོངས་ཁག་གི་ལོ་ཧྲིལ་བོའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་པ། རིགས་དབྱེ་མཛུབ་སྟོན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ལས་གཞི་རེ་རེ་བཞིན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལོ་གཅིག་གི་ནང་རྨང་གཞི་འདིང་བ་དང་ལག་ལེན་ལ་མཐོང་ཆེན། དོན་འཁྱོལ་ལ་དམ་འཛིན། གསར་གཏོད་ལ་སྐུལ་འདེད། མཐོར་འདེགས་བཅས་ལ་བརྟེན་ནས། ཏང་འཛུགས་སྐྲུན་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་མཐུད་ངང་གསར་སྐྲུན་བྱེད་དགོས། འཕེལ་ཕྱོགས་ཆེན་པོ་སྔར་ལས་ཁོང་དུ་ཆུད་པར་བྱས་ཏེ། རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་རྒྱུན་འཁྱོངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བ་དང་། དོ་སྙོམས་བྱེད་གནས་འཆུག་མེད་ཀྱིས་ཐོན་སྐྱེད་དམ་འཛིན་ཡག་པོར་བྱེད་པ། སེམས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་མངོན་འགྱུར་གང་ཐུབ་བཅས་བྱེད་དགོས། ཁྱད་ཆོས་སྔར་ལས་མངོན་གསལ་ཇེ་དོད་དུ་གཏོང་བ་དང་། བྱ་བ་མཐའ་དག་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་གཏོང་བ། དངོས་ཐོག་བདེན་འཚོལ་བྱེད་པ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་བཅས་ཀྱི་ཐོག་ནས། དོན་དངོས་གཉེར་བ་དང་ལྟེ་གནད་དམ་འཛིན་གྱིས་དོན་ཆེན་དམ་འཛིན་བྱེད་པ། གཙོ་གནད་འབུར་ཐོན་གྱིས་བྱ་བ་གལ་ཆེན་སྒྲུབ་པ། རྨང་གཞིར་རྐང་ཚུགས་པར་བྱས་ནས་བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ། ལོ་ལྟར་གཙོ་གནད་དང་དངོས་དངོས་རྗེན་རྗེན་གྱི་བྱ་བ་འགའ་ཞིག་བསྒྲུབས་ནས་མུ་མཐུད་ཤུགས་སྣོན་དགོས་པ་དང་བྱས་རྗེས་ཡུན་རིང་འཇོག་དགོས། འགན་འཁྲི་འཁུར་ཤུགས་སྔར་ལས་ཆེ་རུ་བཏང་སྟེ་ཞིང་ཆེན་ཏང་ཨུའི་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། གཙོ་གནད་ལས་འགན་ལ་དམིགས་ནས་བསམ་ཕྱོགས་དང་བྱེད་ཐབས་གསར་གཏོད་བྱས་ཏེ། ཏང་འཛུགས་སྐྲུན་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་རང་བདག་འགན་འཁྲི་དང་། ཧྲུའུ་ཅི་ཡི་འགན་འཁྲི་ཨང་དང་པོ་དང་ཚན་ཁག་གི་ཁོངས་མིའི་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་བྱེད་ཕྱོགས་དོན་འཁྱོལ་ནན་མོ་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།