ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དཔྱིད་དུས་སློབ་སྐབས་འགོ་བརྩམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་དང་ཞིབ་བཤེར་བྱས།
2020.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དཔྱིད་དུས་སློབ་སྐབས་འགོ་བརྩམ་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་དང་། སློབ་གསོ་པུའུ་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་འགོ་བརྩམ་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། སློབ་མར་བདེ་འཇགས་ལྷིང་འཇགས་ཀྱི་སློབ་སྦྱོང་འཚོ་བའི་ཁོར་ཡུག་བསྐྲུན་དགོས་ཟེར།

ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ་དང་མཚོ་སྔོན་ཧོང་ཁྲོན་སློབ་འབྲིང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཅིག་པ་བཅས་སུ། ཝང་ཅན་ཅུན་གྱིས་ཐོག་མར་བུད་མེད་སློབ་གསོ་བྱ་བ་སྒྲུབ་མཁན་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་བུད་མེད་སྨན་བཅོས་མི་སྣ་དང་གླེང་མོལ་བྱས་པ་དང་། ཡུལ་དངོས་ནས་ཁ་ཐུམ་དང་དུག་སེལ། སྨན་རྫས། ལུས་དྲོད་འཇལ་ཆས་སོགས་དངོས་ཟོག་ཉར་གསོག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད་ཁོ་ཚོའི་བསམ་འཆར་ལ་ཉན། སློབ་གྲྭས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་བསྟུན་འཁྲབ་སྦྱོང་དང་དགེ་སློབ་དང་ཁྱིམ་བདག་གི་སྔོན་འགོག་ཚོད་འཛིན་ཤེས་བྱའི་གསོ་སྦྱོང་སྤེལ་བ་དང་། སློབ་འགོ་ཚུགས་རྗེས་དུས་ཚོད་བསྣོལ་ནས་སློབ་ཁྲིད་བྱེད་པ་དང་སློབ་གྲྭ་གྲོལ་བ། ཁུལ་བགོས་ནས་ཨང་རྟགས་ལྟར་ཟ་མ་ཟ་བ། ཆ་འཕྲིན་ཐོ་འགོད་ལམ་ལུགས་འཛུགས་པ་བཅས་བྱེད་རྒྱུ་ཡིན་པ་དང་། རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་གོ་རིམ་སླར་གསོ་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་ཤེས་རྗེས། ཝང་ཅན་ཅུན་གྱིས་ཁས་ལེན་གང་ལེགས་བྱས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བ་དང་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱས་པ་དང་བསྟུན་ནས། ཁྱིམ་བདག་དང་དགེ་རྒན། སྤྱི་ཚོགས་བཅས་ཀྱིས་སློབ་མ་སློབ་རར་ཕྱིར་ལོག་པར་རེ་སྒུག་བྱེད་ཀྱིན་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཞིབ་འཇུག་དབྱེ་འབྱེད་དང་རིགས་སྒྲུབ་གང་ལེགས་བྱས་ལ། དཔྱད་འཇོག་ནན་མོ་བྱས་པ་བརྒྱུད་དེ། དངོས་ཐོག་བདེན་འཚོལ་གྱིས་བསམ་བློ་གཏོང་བ་དང་གནས་བབ་དང་བསྟུན་ནས་བསམ་གཞིགས་གཏོང་བ། ཕྱོགས་སོ་སོའི་རེ་སྒུག་དང་མཐུན་པར་བྱས་ཏེ། ཉེན་ཁར་སྔ་མོ་ནས་བསམ་གཞིགས་གཏོང་བ་དང་གྲ་སྒྲིག་བཟང་བོ་བྱེད་པ། བྱ་བ་བཟང་བོར་བསྒྲུབ་པ་དང་། རིམ་པ་དང་རིགས་བགར་བ་དང་ཁུལ་བགོ་བ། དུས་ཚོད་བསྣོལ་བ། ཞིང་སྡེ་འབྲོག་ཁུལ་དང་མཁར་གྲོང་ཁུལ་གྱིས་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་བརྩམ་པའི་ཇུས་ཆོད་བཏོན། རྒྱ་ཆེའི་དགེ་སློབ་ཚོའི་ལུས་ཕུང་བདེ་ཐང་གོ་གནས་དང་པོར་འཇོག་པ་དང་། སློབ་གྲྭ་ཕྱི་ནང་གི་དོ་དམ་ལ་ཤུགས་སྣོན་པ། སྔོན་འགོག་ཚོད་འཛིན་ཤེས་བྱའི་སློབ་གསོ་ཇེ་དྲག་ཏུ་གཏོང་བ། ལུས་དྲོད་འཇལ་བ་དང་འཕྲལ་བསྟུན་ཐག་གཅོད་སོགས་ལ་ཤུགས་སྣོན་པ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ཆེད་ལས་ཅན་དུ་བསྒྱུར་བའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སློབ་མར་འགན་ཁུར་བ་དང་ཁྱིམ་བདག་ལ་འགན་ཁུར་བ། དགེ་རྒན་ལ་འགན་ཁུར་བ། སྤྱི་ཚོགས་ལ་འགན་ཁུར་བའི་བསམ་བློས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ནི་ཐོག་མའི་བསམ་འདུན་འགན་འཁྲི་ལ་ཞིབ་དཔྱད་བྱེད་པའི་རྒྱུགས་ར་ཡིན་པ་དང་། མང་ཚོགས་ཡིད་ཚིམ་པར་བྱེད་རྒྱུ་ནི་ང་ཚོས་སློབ་གསོ་བཟང་བོར་བསྒྲུབ་པའི་ཚད་གཞི་ཆེས་མཐོན་པོ་ཡིན་ལ། ཡིད་ཆེས་ནི་ཆེས་བཟང་བའི་འགོག་སྨན་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་ངེས་པར་དུ་རིམས་ནད་ཕྱིར་མི་མཆེད་པར་བྱེད་པའི་ཚད་མཐའ་དམ་སྲུང་བྱེད་པ་དང་། རིམས་ནད་སྔོན་འགོག་་ཚོད་འཛིན་གྱི་མི་དམངས་གཡུལ་འགྱེད་དང་སྤྱི་ཁོག་གཡུལ་འགྱེད། འགོག་རྒོལ་གཡུལ་འགྱེད་ཀྱི་རྒྱལ་ཁ་ལེན་ཐུབ་པར་ཡིད་ཆེས་བརྟན་པོ་བཅངས་དགོས། ཁག་ཁུར་ནི་འགན་ནུས་བསྒྲུབ་པའི་ཚད་འཇལ་བྱེད་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་ཏུ་ལེན་པ་དང་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁོངས་་གཏོགས་ས་ཁུལ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་ཤེས་བྱ། ཆེད་ལས། ཆེད་མཁས་པར་བརྩི་འཇོག་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་རེ་བ་དམ་འཛིན་བྱེད་པ། སློབ་མ་སློབ་རར་ཕྱིར་ལོག་པར་ཁག་ཐེག་བྱེད་དགོས་ཟེར།

ཝང་ཞོ་དང་ཡུས་ཚོང་ལི། ལིག་ཐོ་བཅས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།