ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་བྱ་བའི་ཐད་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད།
ལིའུ་ཉིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོར། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱིས་ཧུར་ཐག་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཏེ།དཀའ་བརྩོན་འབད་འཐབ་དང་མུ་མཐུད་མདུན་བསྐྱོད་བྱས་ཏེ་ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་དང་མཉམ་འདྲེས་ཡོང་བར་བྱས་ནས། མཐོ་སྒང་ལུས་རྩལ་གྱི་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། མང་ཚོགས་ཀྱིས་ལུས་རྩལ་སྦྱོང་བར་སྐུལ་འདེད་བཏང་ནས། ལུས་རྩལ་རྩལ་ནུས་འགྲན་སྡུར་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་དགོས་ལ། ལུས་རྩལ་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་བཏང་ནས། ལུས་རྩལ་གྱི་ཁྱབ་ཁོངས་སོ་སོའི་བྱ་བར་གྲུབ་འབྲས་གསར་པ་ལེན་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ཁོངས་གཏོགས་ཀྱིས་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མཛུབ་སྟོན་དུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་ལུས་རྩལ་བྱ་བའི་རྒྱས་བཤད་གལ་ཆེན་ལག་ལེན་མཐིལ་ཕྱིན་བྱེད་པ་དང་། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར་དུ་དམངས་ཡོངས་ཀྱིས་ལུས་རྩལ་སྦྱོང་བརྡར་དང་ལུས་རྩལ་འགྲན་སྡུར། ལུས་རྩལ་ཐོན་ལས་ཕྱོགས་ཡོངས་ནས་མཐུན་སྦྱོར་འཕེལ་རྒྱས་སུ་གཏོང་པ་བཅས་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་ནས། ལུས་རྩལ་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་དང་། ལུས་རྩལ་གྱིས་ཕྱི་ཕྱོགས་འབྲེལ་འདྲིས་མཉམ་ལས་བྱེད་པའི་ཆུ་ཚད་ཤུགས་མཐོན་པོས་ཇེ་མཐོང་བཏང་སྟེ། ལུས་རྩལ་བཅོས་སྐྱོང་ནུས་པ་དང་ལུས་རྩལ་ཁོངས་གཏོགས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་པ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་ཟེར།
དབྱང་ཧྥུན་ཁྲུན་གྱིས་གཏམ་བཤད་ཁྲོད་དུ་ལོ་སྔོན་མའི་ལུས་རྩལ་བྱ་བའི་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་གང་ལེགས་བྱས་རྗེས། ལུས་རྩལ་གྱི་གནས་བབ་ལ་གཏིང་ཟབ་སྒོས་དབྱེ་ཞིབ་བྱས་ནས་ད་ལོའི་བྱ་བར་རེ་བ་གསལ་བོ་བཏོན། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལུས་རྩལ་བྱ་བའི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས།ཏང་གིས་ལུས་རྩལ་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་བའི་རེ་བ་ཁོང་དུ་ཆུད་པར་བྱས་ཏེ།ལུས་རྩལ་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགན་འཁུར་ལ་ཞབས་ཞུ་སྒྲུབ་པར་འགན་ཐེག་པ་དང་། མི་དམངས་ལྟེ་བ་ཡིན་པའི་ལུས་རྩལ་འཕེལ་རྒྱས་ཀྱི་རིན་ཐང་འཚོལ་སྙེགས་ལ་རྒྱུན་འཁྱོངས་བྱེད་པ་དང་། ལུས་རྩལ་བཅོས་སྒྱུར་གསར་སྐྲུན་གྱི་ཁ་ཕྱོགས་གསར་པ་དམ་འཛིན་བྱས་ནས། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་ཀྱི་ནུས་པ་གལ་ཆེན་དེ་དར་སྤེལ་གཏོང་པ་དང་། སློང་སྦྱོང་གི་གྲུབ་འབྲས་དེ་བསམ་ཕྱོགས་འཆར་འགོད་དང་། བྱེད་ཐབས་གཏན་འབེབ། དཀའ་གནད་ཐག་གཅོད་པའི་ནུས་པར་སྒྱུར་དགོས་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་སྒྱུར།