མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.03.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་བརྡ་ཁྱབ་སྤེལ།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ལིག་ཐུང་ཏི་དང་ཀྲུང་གོ་དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན། ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་རིམ་པ་གསར་བའི་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལིས་རིན་ཝེ། ཞིང་ཆེན་དབྱི་སི་ལན་མཐུན་ཚོགས་ཀྱི་ཚོགས་གཙོ་མཱ་ཡུའེ་ཞང་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག རྒྱལ་ཡོངས་མཐུན་སྒྲིལ་གཅིག་མཐུན་དང་ཞིང་ཆེན་ཡོངས་སེམས་ཤུགས་གཅིག་མཐུན་བྱས་པས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་མྱུར་དུ་སླར་གསོ་བྱུང་ལ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་བྱས་པའི་ཚུལ་བསྟན། ཚང་མས་ལང་ལོང་གིས་སྔར་བཞིན་དུ་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་མ་ཟད། གཞི་རིམ་གྱི་རིམས་ནད་འགོག་བཅོས་སྟོབས་ཤུགས་ལ་ཤུགས་སྣོན་པ་དང་དྲིལ་སྒྲོག་སྐུལ་སློང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཞབས་ཞུ་ལས་རིགས་དང་ལས་གཉེར་ལས་ཞུགས་ལ་མཐོང་ཆེན་བྱེད་པ་སོགས་ཐད་ནས་བསམ་འཆར་འདོན་དགོས་ཟེར།

གཏམ་བཤད་ལ་ཉན་རྗེས། ཝང་ཅན་ཅུན་གྱིས་བཤད་རྒྱུར། ལོ་སར་གྱི་རྗེས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བཤམས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་ལ། རྒྱལ་ཁ་ཐོབ་གྲབས་ཡོད་པས། མཚོ་སྔོན་ཞིང་ཆེན་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་མི་སྣ་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་བརྩི་བཀུར་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་འགུལ་གྱིས་དྲང་ཕྱོགས་ཀྱི་སྒྲ་འདོན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཞུགས་པ། གཅིག་བསྡུས་སྒོས་བློ་འདོན་ཇུས་འབུལ་བྱེད་པ། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱེད་པ། ལས་ཐོན་སླར་གསོ་བྱེད་པ། བློ་སེམས་རྩེ་གཅིག་གིས་དཀའ་ཁག་ཁྱད་སེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར།

ཝང་ཅན་ཅུན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་རྣམ་པ་བཟང་བོ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཉེན་ཁ་འཐབ་རྩོད་ལ་ཁ་གཏད་འཇལ་བའི་རླབས་ཆེན་གྱི་ལག་ལེན་ཐེངས་གཅིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དགེ་མཚན་རང་བཞིན་གྱི་མཚོན་བྱེད་ཐེངས་གཅིག མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འདྲ་གཟུགས་གསོན་པོ། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱས་པའི་རླབས་ཆེན་ཀྱི་མི་རིགས་སྙིང་སྟོབས་ཀྱི་དར་སྤེལ་ཐེངས་གཅིག སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་མངོན་སུམ་གྱི་རྒྱུགས་ཆེན་ཐེངས་གཅིག ཏང་ཕྱིའི་མི་སྣས་རྔུལ་ཁྲག་གིས་རླབས་ཆེན་གྱི་མེས་རྒྱལ་ལ་བྲིས་པའི་དུས་རབས་ཀྱི་བསྟོད་གླུ་ཞིག་བཅས་ཡིན་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་མི་སྣ་བཅས་ཀྱི་ཐོབ་ཐང་མི་འདྲ་བ་དང་ལས་རིགས་མི་འདྲ་ན་ཡང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དམིགས་འབེན་གཅིག་ཡིན་པས། ཁ་ཞེ་གཉིས་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེ་བའི་དགེ་མཚན་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོ་བའི་རྩ་དོན་དེ་དུས་ནམ་ཞིག་དང་གནས་ཚུལ་ཅི་འདྲ་ཞིག་གི་འོག་ནས་ཀྱང་གཡོ་འགུལ་བྱེད་མི་རུང་། མི་དམངས་སེམས་ཁོང་གི་ཆེས་མཐོ་བའི་གོ་གནས་སུ་འཇོག་པ་དང་། མི་དམངས་ཀྱི་ཁེ་ཕན་ཀུན་ལས་མཐོ་བ་དང་མི་དམངས་ཀྱི་བདེ་ཐང་རི་བོ་ཐེ་ཧྲན་ལས་ལྕི་བ་རྒྱུན་འབྱོངས་བྱས་ཏེ། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་མཐོར་འདེགས་གཏོང་བའི་ཐད་འབད་འཐབ་ལྷོད་མེད་བྱེད་དགོས་ཟེར།