2020ལོའི་ཟླ་4ཚེས་4ཉིན་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་གཏན་འབེབས་བྱས།
2020.04.03 ཁུངས། ཀློག་གྲངས། 289

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་སྤྱི་བསྒྲགས་ལྟར་ན། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་རང་སྲོག་བློས་བཏང་བའི་དཔའ་བོ་དང་ཚེ་ལས་འདས་པ་ཡོངས་ལ་མྱ་ངན་ཞུ་ཆེད། 2020ལོའི་ཟླ་4ཚེས་4ཉིན་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་རྒྱུ་གཏན་འབེབས་བྱས། 

   དེའི་རིང་ལ་རྒྱལ་ཡོངས་དང་ཕྱིའི་གཞུང་ཚབ་དོན་གཅོད་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་དང་། རྒྱལ་ཡོངས་སུ་སྤྱི་པའི་རོལ་རྩེད་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ་ཡིན་ལ། ཟླ4པའི་ཚེས4ཉིན་གྱི་ཆུ་ཚོད10ཡི་སྟེང་ནས་བཟུང་། རྒྱལ་ཡོངས་མི་དམངས་ཀྱིས་སྐར་མ3ལ་ངག་བཅད་མྱ་ངན་ཞུ་བ་དང་། རླངས་འཁོར། མེ་འཁོར། གྲུ་གཟིངས་བཅས་ཀྱིས་དུང་བརྡ་གཏོང་བ་དང་། མཁའ་ཟོན་ཉེན་བརྡ་བཏང་ནས་མྱ་ངན་ཞུ་རྒྱུ་རེད།