མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་ཞུའི་ཚོགས་འདུ་བསྡུས། 
2020.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཚེས་གཉིས་ཉིན་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྙན་ཞུའི་ཚོགས་འདུ་བསྡུས་ཏེ། སྡེ་ཁག་སོ་སོས་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཕྱོགས་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། 

གྲོས་ཚོགས་ནས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་འབྲེལ་ཡོད་དགོངས་དོན་དངོས་འབེབ་བྱས་ཤིང་། རང་ཞིང་གི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། རང་ནུས་ཅི་ལྕོགས་དང་ནུས་པ་གང་ཡོད་འདོན་པའི་རྩ་དོན་གཞིར་བཟུང་སྟེ། ཞིང་སྡེའི་སྤྱོད་ཁང་ལེགས་བཅོས་དང་ཞིང་སྡེའི་འཚོ་བའི་བཙོག་ཆུའི་བཅོས་སྐྱོང་། ཞིང་སྡེའི་འཚོ་བའི་གད་སྙིགས་ཀྱི་བཅོས་སྐྱོང་སོགས་ཀྱི་བྱ་བ་གཙོར་བཟུང་ཐོག གོ་རིམ་ལྡན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་སྐུལ་འདེད་བཏང་བས་གྲུབ་འབྲས་བཟང་བོ་བླངས་ཡོད་ཟེར། 

ཏུའུ་ཏི་ཀྲི་ཡིས་བསྟན་དོན། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་མཛེས་སྡུག་གི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཐབ་ཇུས་དང་ཆེ་ཕྱོགས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བ་དང་ཞིང་སྡེའི་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གཙོ་བོ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་རང་ཞིང་གི་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་མཐོང་ཆེན་བྱེད་ཅིང་། ལོ་མགོར་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དེ་ཐུན་མོང་གིས་ལྟ་ཞིབ་བྱེད་པའི་གྲོས་གཞིའི་ནང་བཞག་པ་དང་། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོག་ནས་ཐུན་མོང་ལྟ་ཚུལ་འབྱུང་བ་དང་། དུས་ལྟར་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བ་ཡོངས་འགྲུབ་བྱེད་པར་བློ་འདོན་ཇུས་འབུལ་བྱེད་དུ་འཇུག་པའི་ཆེད་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མུ་མཐུད་དུ་སྲིད་གྲོས་ཀྱིས་རྟོག་ཞིབ་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་དུས་སྐབས་སྔོན་མའི་རྟོག་ཞིབ་རྩ་འཛུགས་བྱེད་པ་དང་། དུས་ཚོད་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། ཚན་རིག་དང་མཐུན་པར་རྟོག་ཞིབ་ཇུས་གཞི་གཏན་འབེབས་བྱེད་པ། ཁྲིམས་ལྟར་མིག་དཔེ་ས་ཁུལ་གདམ་གསེས་བྱེད་དགོས་ལ། ཨུ་ཡོན་དང་ཆེད་མཁས་པ་སོ་སོས་མཐོང་ཆེན་བྱས་ཤིང་། རྟོག་ཞིབ་ལ་ཧུར་ཐག་སྒོས་ཞུགས་པ་དང་བསམ་འཆར་བཏོན་ནས། ཕྱོགས་ཡོངས་ནས་རང་ཞིང་གི་ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བར་སྐུལ་འདེད་གཏོང་བའི་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།