ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་བྱ་བ་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་ལས་དོན་དང་སྒྲིག་ཁྲིམས་ཞིབ་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཏང་གི་འཛུགས་སྐྲུན་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཚུང་ལི་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་ སློབ་གསོ་དམ་འཛིན་བྱ་གཞིར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ལས་དོན་ཁག་ལ་ཡར་རྒྱས་གསར་པ་བྱུང་ཡོད་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁབ་ཐོབ་པར་བརྩོན་ལེན་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 《ཏང་ཨུ(ཏང་ཙུའུ)ཡིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རང་བདག་འགན་འཁྲིའི་གཏན་འབེབས》དོན་འཁྱོལ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་ལམ་ལུགས་ཀྱི་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དཔུང་སྡེ་ཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཏང་འཛུགས་སྐྲུན་ལས་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་སྤུས་ཚད་ལེགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི”འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། འགན་ལེན་སྟོབས་དང་ལྡན་པ་ཞིག་མཁོ་འདོན་བྱེད་དགོས་ཟེར།

ཡུས་ཚུང་ལི་ཡིས་གཏན་བཤད་ཁྲོད་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚན་ཁག་དང་ཏང་ཙུའུ(ཏང་ཨུ)དང་། དེ་བཞིན་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་བྱས་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལས་དོན་ལ་སྤྱི་ཡོངས་ནས“ལངས་ཚད་མཐོ་བ་མངོན་པ་དང་། རྨང་གཞི་འདིང་རྒྱུར་མཐོང་ཆེན་བྱེད་པ། རྒྱུན་མཐུད་སྤྱོད་ཚུལ་ཇེ་ནན་དུ་གཏོང་བ། མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་གཏོང་བ”བཅས་ཀྱི་ཁྱད་ཆོས་མངོན་ཡོད་ཟེར། ཡུས་ཚུང་ལི་ཡིས་མུ་མཐུད་དུ་ནན་གྱིས་བསྟན་དོན། ད་ལོའི་ཏང་ཡོངས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་ཡོང་བར་བྱ་རྒྱུ་དང་། གཙོ་གནད་ནི་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་རེད། ཞིང་ཆེན་ཡོངས་ཀྱི་ལས་དོན་གལ་ཆེན་གཅིག་སྡུད་ཆེ་བ་དང་དམིགས་ཚད་ལས་འགན་གྱི་གནོན་ཤུགས་ཆེ་བས། དབུལ་ཐར་མཁྲེགས་གཏོར་གྱི་ལས་དོན་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དེ“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་ཞིག་ཀྱང་ཡིན་པར་མ་ཟད། དེའི་ཐོག་རིམས་ནད་ཀྱིས་ང་ཚོར་ཚོད་བགམ་བྱས་པ་དང་དེ་འགོག་པའི་ལས་དོན་སྤེལ་བས། ལས་ཁུངས་ཀྱི་ཏང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།

ཡུས་ཚུང་ལི་ཡིས་བླང་བྱ་བཏོན་དོན། དུས་རབས་གསར་པའི་མཐོ་ཚད་ནས་འགྲེང་སྟེ་མཚོ་སྔོན་གསར་པ་བསྐྲུན་ནས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚན་ཁག་སོ་སོའི་ཏང་ཙུའུ(ཏང་ཨུ)དང་དེ་བཞིན་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས། དུས་རབས་གསར་པའི་ལས་ཁུངས་ཀྱི་ཏང་གི་ལས་ཀའི་ནང་དོན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། ལས་ཁུངས་ཀྱི་ཏང་གི་ལས་ཀའི་གཞི་འཛིན་ས་གལ་ཆེན་དང་རྩ་བའི་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་གི་ལས་དོན་གསར་གཏོད་འཕེལ་རྒྱས་ལ་མཛུབ་སྟོན་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།