མཚོ་སྔོན་ཞིང་ཆེན་གྱིས2020ལོའི་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ།
2020.04.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བཞི་བའི་ཚེས་དགུ་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཧྲི་ཏའེ་གཞུང་ལམ་སྡོང་འཛུགས་བྱེད་ས་རུ་སོང་ནས། ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཔྱིད་དུས་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།

སྡོང་འཛུགས་ཡུལ་དངོས་སུ། ཝང་ཅན་ཅུན་དང་ལིའུ་ཉིང་། རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་འགོ་ཁྲིད་དག་གིས་ཟི་ལིང་གྲོང་ཁྱེར་མཁར་གྲོང་རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་རྗེས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྟོགས་སྒོས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་བསྟར་བྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཐིག་གཏན་ཁེལ་སྟེང་གཅིག་གྱུར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་ཁོངས་ལྗང་བསྒྱུར་སྲ་བརྟན་མཐོར་འདེགས་ཀྱི་ལོ་གསུམ་འགུལ་སྐྱོད་མྱུར་དུ་སྤེལ་ནས། ལྗང་མདོག་གིས་མཚོ་སྔོན་ཞིང་ཆེན་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་དང་ལིའུ་ཉིང་། རྡོ་རྗེ་རབ་བརྟན་སོགས་ཀྱིས་ལྕགས་ཁེམ་བཟུང་ནས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་པ་མ་ཟད། འོས་འགན་སྡོང་འཛུགས་ལ་ཞུགས་པའི་ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་བྱས།

དེའི་རྗེས། ཝང་ཅན་ཅུན་དང་ལིའུ་ཉིང་གཉིས་ཟི་ལིང་གྲོང་ཁྱེར་ཙོང་ཆུའི་ནགས་ར་ལྗང་བསྒྱུར་ས་ཁུལ་དང་མཚོ་སྔོན་ལི་ཐུང་ཀུང་ཟི་ལྗང་བསྒྱུར་ཁུལ་དུ་སོང་ནས། མེ་འགོག་དངོས་ཟོག་ཉར་གསོག་དང་ལས་རེས་སྐོར་ཞིབ། འཕྲལ་བསྟུན་འཁྲབ་སྦྱོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་ནགས་ཚལ་མེ་འགོག་བྱ་བར་ཞིབ་བཤེར་བྱས་པར་མ་ཟད། མེ་འགོག་ཡུལ་དངོས་ཀྱི་མི་སྣར་འགོག་སྲུང་ཡོ་ཆས་བྱིན། ཝང་ཅན་ཅུན་དང་ལིའུ་ཉིང་གཉིས་ཀྱིས་ནན་གྱིས་བསྟན་དོན། དཔྱིད་ཀ་ནི་མཛེས་སྡུག་གི་དུས་ཚིགས་ཡིན་ལ། མེ་སྐྱོན་འབྱུང་སླ་བའི་གནད་འགག་གི་དུས་སྐབས་ཀྱང་ཡིན་། མེ་འགོག་གི་གཙོ་གནད་ནི་མེ་ཁུངས་ཡིན་ལ། མེ་ཁུངས་མི་ལ་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གཉིས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། སྔོན་འགོག་གཙོར་བྱེད་པ་རྒྱུན་འཁྱོངས་བྱེད་པ། དྲིལ་སྒྲོག་སློབ་གསོ་སྤེལ་ཤུགས་ཆེར་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་མེ་འགོག་འདུ་ཤེས་མཐོར་འདེགས་གཏོང་བ། ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱས་ཏེ། མེ་འགོག་བཟང་བོ་བྱེད་དགོས། འགོག་སྲུང་ནན་མོ་བྱེད་པ་དང་། མེ་འགོག་གི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་པ། ཤུགས་ལྡན་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་དེ། མི་ལ་དོ་དམ་བྱེད་པ་དང་མེ་ཁུངས་ལ་དོ་དམ་བྱས་ནས། མེ་འགོག་བཟང་བོ་བྱེད་དགོས།  ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མི་འགོག་དང་དངོས་འགོག རྩལ་འགོག་ཟུང་འབྲེལ་བྱེད་པ། ཚད་གཞི་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་གྱི་དོ་དམ་ལ་ཤུགས་བསྣན་ནས། མེ་འགོག་བྱ་བའི་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་དང་ཞིང་ཆེན་དམག་ཁུལ་གྱི་འགོ་ཁྲིད་བཅས་འབྲེལ་ཡོད་བྱ་འགུལ་ཞུགས། ཟི་ལིང་གྲོང་ཁྱེར་གྱི་ལས་བྱེད་པ་དང་དང་བླངས་པ་སྐོར་ཞིག་ཉིན་དེའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས།